སྤྱི་ཟླ8པའི་ཚེས12ཉིན། ཉི་མ་དང་བར་སྣང་གནམ་གཤིས་ཀྱི་མཉམ་འབྲེལ་ཚོགས་ཆེན་སྐབས་གཉིས་པ་སི་ཁྲོན་མི་རིགས་སློབ་གླིང་དུ་འགོ་བཙུགས་པ་རེད། རྒྱལ་ཡོངས་ཀྱི་མཐོ་སློབ་ཆེ་གྲས་ཁག་དང་ཚན་ཞིབ་ཁང་དང་སུའོ་ནས་ཡོང་བའི་ཆེད་མཁས་པ་དང་མཁས་དབང300ལྷག་མཛའ་གཞས་ཀྱི་ཕ་ཡུལ་དུ་འཛོམས་ནས་དུས་ཡུན་ཉིན་ལྔའི་རིགས་གཞུང་སྤེལ་རེས་ཁྲོད་ཉི་མའི་དངོས་ཁམས་དང་ལྟ་ཞིབ་ཚད་ལེན་ལག་རྩལ་དང་། ཉི་མའི་འོད་ཀོར་དཔྱད་ཆས་ལག་རྩལ། AIམཁའ་དབྱིངས་བེད་སྤྱོད་དང་དེ་བཞིན་རིམ་པ་མང་བའི་སྣོལ་འབྲེལ་རིག་ཚན་སོགས་གྲོས་གཞིར་དམིགས་ནས་བགྲོ་གླེང་བྱ་རྒྱུ་ཡིན་པ་རེད།
འགོ་འཛུགས་མཛད་སྒོར་འབྲེལ་ཡོད་ཚོགས་ཞུགས་སྡེ་ཚན་གྱི་འཐུས་མིས་སྔ་རྗེས་སུ་ཤིས་ཚིག་ཕུལ་བ་རེད། འགོ་འཛུགས་མཛད་སྒོ་མཇུག་འགྲིལ་རྗེས་སྙན་སེང་ཐོག་མ་འགོ་བཙུགས་པ་དང་། ཚོགས་འདུར་ཆེད་མཁས་པས་སློབ་གླིང་དང་སློབ་གྲྭའི་གནམ་དཔྱད་ཚན་རིག་ཁྱབ་གདལ་ཚན་ཞིབ་འཛུགས་སྐྲུན་དང་། འདབ་པ་རྫོང་གི་གནམ་དཔྱད་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་སྤྱིའི་འཆར་འགོད། སྨི2.5ཡི་ཉི་མའི་རྒྱང་ཤེལ་ལས་གཞི་འཛུགས་སྐྲུན་ཐད་ཆེད་དོན་སྤེལ་རེས་བྱས་པ་རེད།
( པར་ངོས་བཞི་པར་གཟིགས།)
