སྤྱི་ཟླ8པའི་ཚེས11ཉིན། གསར་འགོད་པས་མི་དམངས་དངུལ་ཁང་དཀར་མཛེས་ཁུལ་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་བ7པའི་ཚེས31ཉིན་བར། རང་ཁུལ་གྱི་ཟླ་བ་དང་པོ་ནས7པའི་བར་རིམ་ཁག་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར98.78ལ་ཟིན། དེ་ནི་ན་ནིང་གི་དུས་མཚུངས་ལས་འབབ་འཕར་སྒོར་དུང་ཕྱུར4.85བྱུང་བ་དང་དེ་ན་ལོའི་དུས་མཚུངས་ལས་བརྒྱ་ཆ5.16འཕར། ཁུལ་ཡོངས་ཀྱི་ནོར་སྲིད་སྤྱིའི་ཡོང་འབབ་བརྟན་པོའི་ངང་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས། ལོ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
སྤྱི་ཡོངས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་བའི་རྒྱབ་ལྗོངས་ཆེན་པོའི་འོག་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ལ་སྤུས་ཚད་མཐོ་རུ་དང་ལེགས་སུ་འགྲོ་བའི་དགེ་མཚན་ལྡན་པའི་རྣམ་པ་ཐོན་ཡོད། ( པར་ངོས་བཞི་པར་གཟིགས།)
