国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཕྱག་ཕྲེང་རྫོང་གིས་ཆུ་ལོག་སྔོན་འགོག་གི་ སྲུང་ཡོལ་བརྟན་པོར་བསྐྲུན།

ཉིན་ཤས་རིང་། ཕྱག་ཕྲེང་རྫོང་གིས་འགན་འཁྲིའི་འབྲེལ་ཐག་བརྟན་པོར་བཟོས་པ་དང་། ཁྱབ་ཁོངས་ཡོངས་སུ་ཚགས་བཤེར་བྱས་ནས་ཉེན་ཁ་སེལ་བ། སྔོན་ཚུད་ཉེན་བརྡ་གཏོང་བ་དང་མགྱོགས་མྱུར་ཐག་གཅོད་བྱེད་པ་བཅས་ཐབས་བརྒྱ་ཇུས་སྟོང་སྒོས་ཆུ་ལོག་སྔོན་འགོག་ཉེན་མེད་ཀྱི་སྲུང་ཡོལ་བརྟན་པོ་བསྐྲུན་པ་རེད།

ཕྱག་ཕྲེང་རྫོང་གིས་སྡེ་ཚན་མང་པོ་བསྡུ་སྒྲིལ་བྱས་ནས་མཉམ་འབྲེལ་ལས་རེས་ཁང་བཙུགས་ཏེ་ཆུ་ཚོད24རིང་གི་ལས་རེས་ལམ་སྲོལ་ལག་ལེན་བསྟར་ནས་ལུང་དཔོན་དང་གནས་དཔོན262བཀོད་སྒྲིག་བྱས་ནས་རིམ་པ་བཞིའི་ཆུ་ལོག་སྔོན་འགོག་འགན་ལེན་གྱི་འགན་འཁྲི་གཏན་འཁེལ་བྱས་ཡོད།

རྫོང་ཡོངས་ཀྱི་གཙོ་གནད་ཆུ་ལོག་སྔོན་འགོག་གནས་ཡུལ72ལ་དམིགས་ནས་གྲལ་བཤེར་དང་ཆེད་དོན་མངོན་མེད་རྐྱེན་ངན་གྱི་རྩིས་ཐོ་བཟོས་པ། མངོན་མེད་རྐྱེན་ངན་གྱི་གནད་དོན3དག་ཐེར་ལེགས་གྲུབ་བྱུང་སྟེ་གནད་དོན་ཚང་མ་ཐག་གཅོད་བྱུང་ནས་ཆུ་ལོག་སྔོན་འགོག་གི་ཉེན་ཁ་རྩ་བ་ཉིད་ནས་བསལ་ཡོད།

ཆར་ཆུ་འབབ་པའི་གནས་ཚུལ་ལ་དམིགས་ཏེ། ཞོད་ཐན་གནོད་འཚེའི་སྟེགས་བུ་དང་། གྲོང་སྡེ་རིམ་པའི་རྒྱང་སྒྲོག། འཕྲིན་ཕྲན་ཚོགས་པ་སོགས་བྱ་ཐབས་མང་པོ་བརྒྱུད་དེ་ཆ་འཕྲིན་ཡོངས་བསྒྲགས་བྱས་ཏེ། གནམ་གཤིས་ཉེན་ཟོན་ཉེན་བརྡ20ལྷག་བརྒྱུད་སྤེལ་བྱས་པ་དང་མང་ཚོགས་ལ་ཉེན་གཡོལ་དྲན་སྐུལ222ཁྱབ་སྤེལ་བྱས་ཡོད།། ( སྐལ་བཟང་རྒྱ་མཚོས་བསྒྱུར།)