རྨད་བྱུང་ཤེས་བྱ་ཚོགས་སུ།།
སྣང་བ་ངང་གིས་ཁྱབ་བཞིན།།
ལས་དང་རྟེན་འབྲེལ་ཡག་པོ།།
ཉི་འོད་ཇི་བཞིན་གསལ་ཤོག །
དྲིན་ཆེན་གཙུག་གི་ཉི་ཟླ།།
སེམས་ཀྱི་རེ་འདུན་བཅོལ་ཡུལ།།
སྐུ་ཚེ་བརྟན་ཞིང་བཞུགས་པ།།
སྨོན་པ་འགྲུབ་པའི་རྟེན་འབྲེལ།།
ཚེ་འདིའི་ལས་སྐལ་འོག་ཏུ།།
བརྩེ་བའི་ཕ་མ་རྣམ་གཉིས།།
ལུས་སེམས་སྐྱིད་ལ་ཁེན་ནས།།
ལྷ་ཆོས་འགྲུབ་པའི་རྟེན་འབྲེལ།།
གཞིས་ཁྱིམ་གཅིག་གི་ཕྱི་ནང་།།
མཐུན་ལམ་གཅིག་ལ་སྦྲེལ་བ།།
ཕ་མ་གཅིག་པའི་ཕུ་ནུ།།
འཛོམས་པ་ལས་ཀྱི་རྟེན་འབྲེལ།།
ཡིད་འོང་ལས་སྨོན་བཟང་པོ།།
ཚོར་བའི་གཞུང་དུ་ཆགས་ཤིང་།།
སེམས་ཀྱི་རྟེན་འབྲེལ་ཐོག་མ།།
ལོ་འགོ་ཚེས་འགོར་འགྲིག་ཤོག །
རྟེན་འབྲེལ་ལས་ཀྱི་འགོ་མ།།
ཁ་གཡང་རིང་མོས་འཁྱུད་དེ།།
སྨོན་པ་ཕྱི་དཀར་ནང་དཀར།།
ལོ་འགོ་ཟླ་འགོར་མངོན་ཤོག །
ཚེ་ཡི་བཞིན་མདངས་གསལ་བ།།
ཚེ་ལ་བར་ཆད་མེད་ཅིང་།།
ཚེ་མཐའ་ཆུ་ལས་རིང་བཞིན།།
ཚེ་དཔག་མེད་དང་མཉམ་ཤོག །
ཚེ་བསོད་རླུང་རྟ་དར་ཏེ།།
ཚེ་ལ་དགོད་སྒྲས་ཁྱབ་ཅིང་།།
ཚེ་རིང་ནད་མེད་གྱུར་ནས།།
ཚེ་ཆོས་འགྲུབ་པར་སྨོན་ཡོད།།
༼ ཁམས་འོད་གསལ། ༽
