国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དར་མདོའི་ བརྩེ་བ།

རྒྱ་ནག་ཡུལ་གྱི་ཇ་ལོར།།

ཡན་ལག་བརྒྱད་ལྡན་ཆུ་དགོས།།

ཇ་རྟ་ཡར་འགྲོ་ཞིག་ལ།།

ཇ་ལོ་བག་གཅིག་བསྐུར་ཡོད།།

ཡིད་སེམས་ཤོར་སའི་སྒྲོལ་མ།།

ལས་དང་བསོད་ནམས་ཡོད་ན།།

གདན་ཐོག་རི་ནས་སྒུགས་དང་།།

དར་རྩེ་མདོ་ལ་འཛོམ་ཆོག།

གཡང་དཀར་བལ་གྱི་ཁ་བཏགས།།

བཀྲ་ཤིས་རྟེན་འབྲེལ་དགུ་འཛོམས།།

ཚོང་དཔོན་མར་འགྲོ་ཞིག་ལ།།

ཁ་བཏགས་དཀར་པོ་བསྐུར་ཡོད།།

རྨི་ལམ་ནང་གི་བྱམས་པ།།

སེམས་ལ་འགྱུར་བ་མེད་ན།།

མདོ་ཆུ་བརྒྱུད་ནས་ཤོག་དང་།།

དར་རྩེ་མདོ་ནས་བསྒུགས་ཡོད།།

ཁྱེད་དང་ང་ཡི་བརྩེ་བ།།

ཆུ་དང་འོ་མ་བསྲེས་འདྲ།།

གངས་དཀར་རི་བོའི་འདབས་ནས།།

སྨོན་ལམ་བཟང་པོ་བཏབ་ཡོད།།

སེམས་མཐུན་ཆུང་འདྲིས་ངེད་གཉིས།།

ལས་ལ་བར་ཆད་མེད་ན།།

མཛའ་གཞས་རིང་མོའི་ཁྲོད་ནས།།

དར་རྩེ་མདོ་ནས་འཛོམ་དགོས།

༼ ཤེས་རབ་བཟང་པོ། ༽