国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཉི་མ་དང་བར་སྣང་གནམ་གཤིས་ཀྱི་མཉམ་འབྲེལ་ཚོགས་ཆེན་སྐབས་གཉིས་པ་དར་མདོ་རུ་འཚོགས།

( པར་ངོས་དང་པོར་མཐུད།)

ད་ཐེངས་ཚོགས་ཆེན་གྱི་དུས་ཡུན་ཉིན་ལྔ་ཡིན་པ་དང་། ཚན་རིག་ཆེ་གྲས་ཀྱི་སྒྲིག་ཆས་འཕེལ་རིམ་དང་། ཉི་མའི་ནུས་པ་གཞི་ཁྱོན་ཆེན་པོས་ཕྱིར་གཏོང་ལ་ལྟ་ཞིབ་ཚད་ལེན། བར་སྣང་གི་གནམ་གཤིས་སྔོན་བརྡ། མཐོ་སྒང་གི་མུ་ཁྱུད་རིམ་པ་མང་བའི་སྣོལ་འབྲེལ་རིག་ཚན། AIམཁའ་དབྱིངས་བེད་སྤྱོད། ལྟ་ཞིབ་ཚད་ལེན་ཡོ་བྱད་ཞིབ་འཇུག་གསར་སྤེལ་སོགས་ཆེད་དོན་གླེང་སྟེགས་མང་པོ་བཀོད་སྒྲིག་བྱས་ཡོད་པ་རེད།

དཀར་མཛེས་ཁུལ་གྱིས་རྒྱལ་ཁབ་ཀྱི་ཚན་རྩལ་འཐབ་ཇུས་གལ་ཆེན་ལ་མུ་མཐུད་ཞབས་འདེགས་ཞུས་ཏེ། ས་གནས་ཀྱི་སྒྲིག་བཀོད་དང་མཚན་མུན་སྲུང་སྐྱོང་། ཚན་ཞིབ་འགན་ལེན། ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་སོགས་ཀྱི་ལས་དོན་ཏན་ཏིག་བསྒྲུབས་ནས་ཚན་རིག་ཞིབ་འཇུག་དང་ཚན་རིག་ཁྱབ་གདལ། རིག་གནས་ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་མ་ལག་མུ་མཐུད་འཐུས་ཚང་དུ་བཏང་སྟེ། རྒྱལ་ཁབ་ཀྱི་ཚན་རིག་སྒྲིག་ཆས་ཆེ་གྲས་ཀྱི་མཐོ་སྒང་གི་རྒྱབ་ཕྱོགས་དོ་དམ་པ་ཡག་མོ་བྱ་རྒྱུ་ཡིན་པ་དང་། དེ་དང་ཆབས་ཅིག་ད་ཐེངས་ཀྱི་ཚོགས་ཆེན་གོ་སྐབས་སུ་བཟུང་ནས་སློབ་གྲྭ་དང་ས་གནས་བར་གྱི་མཉམ་ལས་ཟབ་ཏུ་བཏང་ནས་ཚན་ཞིབ་ལས་གཞི་དང་ཆེད་ལས་ཚོགས་པ་མང་པོ་མཐོ་སྒང་དུ་རྩ་བ་ཚུགས་པར་བྱས་ཏེ། བར་སྣང་འཚོལ་ཞིབ་དཀའ་ངལ་མདུན་ཕྱོགས་ནས་སེལ་ཐབས་བྱ་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སི་ཁྲོན་མི་རིགས་སློབ་གླིང་གིས་གནམ་དཔྱད་རིག་པ་དེ་སློབ་གྲྭའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”གཙོ་གནད་འཛུགས་སྐྲུན་འཆར་འགོད་དུ་བཅུག་ནས2028ལོར་གནམ་དཔྱད་རིག་པའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་དང2029ལོར་རབ་འབྱམས་པའི་ལས་དོན་ལ་ཁྱོན་ཡོངས་ནས་བསྐུལ་བའི་འཕེལ་རྒྱས་དམིགས་ཚད་གསལ་པོར་བཟོས་ནས“དངོས་གཞིའི་ཚན་ཁག་དང་རབ་འབྱམས་པའི”གཞི་གཅིག་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་འབྲེལ་ཐག་བཙུགས་ཏེ་མཐོ་སྒང་དུ་གཞི་ཚུགས་འདོད་ཡོད་པའི་གནམ་དཔྱད་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་ཤུགས་ཆེན་བྱས་ནས་མཐོ་སྒང་དུ་ཚན་རིག་ཞིབ་འཇུག་ཤེས་ལྡན་མི་སྣ་མི་འདང་སར་ཁ་གསབ་བྱ་རྒྱུ་ཡིན་པ་རེད།

ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན་དངོས་ཁམས་ཚན་རིག་དང་ལག་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་ལིའུ་ཡུས་ཀྱིས“ཐེངས་འདིའི་ཚོགས་འདུར་རྒྱལ་ནང་གི་ལས་ཁུངས50ལྷག་ནས་ཆེད་མཁས་པ300ཙམ་དཀར་མཛེས་ཁུལ་དུ་ཚོགས་འདུར་ཞུགས་ཡོད། ཚོགས་འདུར་སྤྱི་ཚོགས་ལས་རིགས་ཁག་ལ་དཀར་མཛེས་ཁུལ་གནམ་དཔྱད་བྱ་གཞག་འཕེལ་རྒྱས་ཀྱི་གསལ་ཆ་དང་འཛུགས་སྐྲུན་འཆར་འགོད་གང་ལེགས་བསྟན་པར་མ་ཟད། མཉམ་ལས་ཚན་པ་ཁག་ལ་ཡིད་ཆེས་ཆེན་པོ་སྤྲད་དེ་མུ་མཐུད་དེ་ཞིབ་འཇུག་ཚོགས་པ་རྣམས་དང་དཀར་མཛེས་ཁུལ་བར་དུ་འབྲེལ་བ་ཟབ་མོ་དང་ལག་ལེན་དོན་འཁྱོལ་ཡོང་བའི་སྐུལ་འདེད་གཏང་རྒྱུ་ཡིན་ཞེས་བཤད།།

(ལྷ་འཛོམས་ཀྱིས་བསྒྱུར།)