国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






( པར་ངོས་དང་པོར་མཐུད།)ཟླ་དང་པོ་ནས7པའི་བར་ཁུལ་ཡོངས་ཀྱི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར89.53ལེགས་གྲུབ་བྱུང་བ་དེ་ན་ལོའི་དུས་མཚུངས་ལས་བརྒྱ་ཆ5.64འཕར་ཡོད། དེའི་ནང་ས་གནས་ཀྱི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཀྱི་མཚོན་ཚུལ་དེ་བས་གསལ་བ་དང་སྒོར་དུང་ཕྱུར60.51མངོན་འགྱུར་བྱུང་། དེ་ན་ལོའི་དུས་མཚུངས་ལས་འབབ་འཕར་སྒོར་དུང་ཕྱུར10.56བྱུང་བ་དང་། འཕར་ཚད་བརྒྱ་ཆ21.14ལ་ཟིན་པ་རེད།

ས་གནས་ཀྱི་ཡོང་འབབ་ནང་ཁུལ་གྱི་གྲུབ་ཚུལ་ཁ་གྱེས་མངོན་གསལ་བྱུང་ཡོད། ཁྲལ་བསྡུའི་ཡོང་འབབ་དེ་འཕར་རྒྱུར་སྐུལ་ཁྲིད་བྱེད་པའི་ལྟེ་བའི་སྒུལ་ཤུགས་ཞིག་ཏུ་གྱུར་ནས། སྒོར་དུང་ཕྱུར39.59ལེགས་གྲུབ་བྱུང་བ་དེ་ན་ལོའི་དུས་མཚུངས་ལས་བརྒྱ་ཆ49.91འཕར་བ་རེད། དེའི་ནང་རྨོ་ཞིང་བཟུང་སྤྱོད་དཔྱ་ཁྲལ་སྒོར་དུང་ཕྱུར18.86མཛོད་འཇུག་བྱས། དེ་ན་ལོའི་དུས་མཚུངས་ལས་བརྒྱ་ཆ84.54འཕར་བ། དེ་ནི་ཁྲལ་འབབ་འཕར་བའི་སྐུལ་ཁྲིད་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པ་རེད།

གཞུང་ཁོངས་མ་རྩའི་གཉེར་སྐྱོང་སྔོན་རྩིས་ཡོང་འབབ་དེ་ལོ་སྟོད་ཀྱི་ནོར་སྲིད་རྩིས་ཁྲའི་ནང་གི་བཀྲག་མདངས་འཚེར་ས་ཆེན་པོ་ཞིག་ཏུ་གྱུར་ཡོད། ཟླ་བ་དང་པོ་ནས7པའི་བར་ལས་གྲྭ་དེའི་ཡོང་འབབ་སྒོར་དུང་ཕྱུར0.52ལེགས་གྲུབ་བྱུང་བ། དེ་ན་ལོའི་དུས་མཚུངས་ལས་འབབ་འཕར་སྒོར་དུང་ཕྱུར0.34བྱུང་བ་དང་། འཕར་ཚད་བརྒྱ་ཆ188.89ལ་ཟིན་པ་རེད། དེའི་ནང་འབྲེལ་ཡོད་ཁེ་ལས་ཀྱིས་སྒོར་དུང་ཕྱུར0.39བྱས་རྗེས་ཕུལ་བ་དེའི་ཐོག་ནས་རང་ཁུལ་གྱི་གཞུང་ཁོངས་དཔལ་འབྱོར་གྱི་ནུས་ཁུངས་དང་མ་འཇོག་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེན་པོ་མངོན་ཡོད་པ་མཚོན་ཐུབ།

སྤྱིའི་ཆ་ནས་བལྟས་ན། རང་ཁུལ་གྱི་ཟླ་བ་དང་པོ་ནས7པའི་བར་གྱི་ནོར་སྲིད་འཁོར་སྐྱོད་ཐད་བརྟན་ཐོག་ཡར་འཕེལ་དང་གྲུབ་ཚུལ་ལེགས་འགྱུར་གྱི་ཁྱད་ཆོས་མངོན་ཡོད། ལོ་སྨད་དུ་སྲིད་ཇུས་ཀྱི་ཕན་འབྲས་ཁག་རྒྱུན་མཐུད་ངང་ཐོན་པ་དང་། དེ་བཞིན་གཙོ་གནད་ཐོན་ལས་དང་ལས་གྲྭར་བརྟན་པོར་སྐུལ་བ་དང་ཆབས་ཅིག་རང་ཁུལ་གྱི་ལོ་ཧྲིལ་པོའི་ནོར་སྲིད་བརྟན་པོའི་ངང་ལེགས་པའི་ཕྱོགས་སུ་འཕེལ་ཚུལ་མུ་མཐུད་རྒྱུན་འཁྱོངས་ཐུབ་ནས། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོའི་བདེ་སྐྱིད་ལེགས་སུ་གཏོང་ཆེད་ནོར་ཤུགས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་ཐུབ་རེ་ཡོད་པ་རེད།།

( བདེ་སྐྱིད་ཀྱིས་བསྒྱུར།)