国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






2026ལོའི་གནའ་བོའི་སི་ཁྲོན་བདལ་ལམ་ལྗོངས་ཕྱིའི་འགྲན་སྡུར་དཀར་མཛེས་ཁུལ་ས་ཚུགས་དང་དཀར་མཛེས་ཁུལ་གྱི་གངས་དཀར་རི་བོར་སྐྱོད་པ་ཞེས་པའི་ལྗོངས་བགྲོད་བྱ་དགའི་འགྲན་སྡུར་སྐབས་དང་པོ་མཇུག་བསྒྲིལ།

13536_01B_20260817བྱ་དགའ་སྤྲོད་པའི་ཡུལ་དངོས།

སྤྱི་ཟླ8པའི་ཚེས12ནས14ཉིན་བར། གནས་མཆོག་དཀར་མཛེས་ཁུལ་དུ་འཛོམ་པའི་ཁ་ཆད་ཡོད་ཅེས་པ་གཙོ་དོན་དུ་བྱས་པའི2026ལོའི་གནའ་བོའི་སི་ཁྲོན་བདལ་ལམ་གྱི་ཁ་ཕྱོགས་གཏན་འཁེལ་ལྗོངས་བགྲོད་རབ་རིམ་སྐོར་སྐྱོད་སྐར་གསོག་འགྲན་སྡུར(སི་ཁྲོན་དཀར་མཛེས་ས་ཚུགས)དང་དཀར་མཛེས་ཁུལ་གྱི་གངས་དཀར་རི་བོར་སྐྱོད་པ་ཞེས་པའི་ཁ་ཕྱོགས་གཏན་འཁེལ་གྱི་ལྗོངས་བགྲོད་མཁས་ཅན་གྱི་བྱ་དགའ་ཆེན་པོའི་འགྲན་སྡུར་སྐབས་དང་པོ་དར་མདོར་བདེ་བླག་ངང་མཇུག་འགྲིལ་བ་རེད། ཁ་ཕྱོགས་གཏན་འཁེལ་གྱི་ལྗོངས་བགྲོད་རྣམ་གྲངས་དེ་ས་བབ་མཐོ་བའི་ས་ཁུལ་དུ་སྤེལ་ཐེངས་དང་པོ་ཡིན་པས། འགྲན་སྡུར་ནང་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཁ་ཕྱོགས་གཏན་འཁེལ་གྱི་ལྗོངས་བགྲོད་ལ་དགའ་པོ་བྱེད་མཁན་སྟོང་ཕྲག་ལ་ཉེ་བའི་ཡིད་དབང་བཀུག་ནས་གངས་རིའི་འདབས་ཀྱི་གྲོང་ཁྱེར་རྙིང་པའི་ཁྲོམ་གཞུང་དུ་བློ་རིག་དང་ལུས་སྟོབས་ཀྱི་འགྲན་སྡུར་ཐུན་མོང་མ་ཡིན་པ་ཞིག་བྱས་པ་རེད།

མི་ཁྲི་འགྲན་ལམ་གཅིག་ཏུ་མཉམ་དུ་རྒྱུག་པའི་སྲོལ་རྒྱུན་དང་མི་འདྲ་བར་ད་ཐེངས་འགྲན་སྡུར་ནང་འགྲན་ལམ་བཀག་སྡོམ་གྱི་སྲོལ་ལས་བརྒལ་ནས་རྩལ་འགྲན་དང་གྲོང་ཁྱེར་སྐོར་འཁྱམ་གཞི་གཅིག་ཏུ་འདྲེས་ཡོད། འོས་མི་ཚོས་ས་བཀྲ་དང་གོམ་པ་ལ་བརྟེན་ནས་དར་མདོ་གྲོང་ཁྱེར་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་དང་མིའི་རིག་གནས་སྣ་ཚོགས་མྱོང་རོལ་བྱས་ཏེ་བརྗེད་པར་དཀའ་བའི་མཐོ་སྒང་གི་དྲན་ཤེས་ཤིག་བཞག་པ་རེད། ཉིན་གསུམ་རིང་གི་ཛ་དྲག་ཆེན་པོས་འགྲན་སྡུར་བྱས་རྗེས་ཚོ་ཆུང་ཁག་གི་བྱ་དགའ་གཏན་ལ་ཕབ་ཡོད། ཧོ་ནན་ཀྲེང་ཀྲོའུ་ནས་ཡོང་བའི་ཁ་ཕྱོགས་གཏན་འཁེལ་གྱི་ལྗོངས་བགྲོད་ལ་དགའ་པོ་བྱེད་མཁན་ཝུའུ་ཀོན་ནན་གཅིག་ཁོ་ན་ལ་སྐྱེས་པ་མཁས་ཅན་ཚོ་ཆུང་གི་མཚན་མོའི་ཁ་ཕྱོགས་གཏན་འཁེལ་འགྲན་སྡུར་གྱི་བྱ་དགའ་ཨང་དང་པོ་དང་གྲོང་ཁྱེར་གྱི་ཁ་ཕྱོགས་གཏན་འཁེལ་ཆ་བསགས་འགྲན་སྡུར་གྱི་ཨང་གཉིས་པ། མཐུད་རྒྱུག་འགྲན་སྡུར་གྱི་ཨང་བཞི་པ། བར་ཐག་འབྲིང་བའི་འགྲན་སྡུར་གྱི་ཨང་དྲུག་པ་བཅས་ཐོབ་ཡོད། མཛེས་སྡུག་ལྡན་པའི་དར་མདོ་གྲོང་ཁྱེར་དུ་འོས་མི་ཚོས་འགྲན་སྡུར་ཞོར་དུ་ས་གནས་ཀྱི་ཟས་མཆོག་གི་བྲོ་བ་མྱོང་བ་དང་དམངས་སྲོལ་རིག་གནས་མྱོང་རོལ་བྱས་ཡོད།།

(ལྷ་འཛོམས་ཀྱིས་བསྒྱུར།)