国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྡེ་དགེ་རྫོང་གི་རོལ་དབྱངས་དུས་ཚིགས་སྐབས་གསུམ་པ་སྤེལ་ཉེར་ཡོད།

2026ལོའི་སྡེ་དགེ་རྫོང་གི་ང་དང་རྩྭ་ཐང་བར་ལ་ཁ་ཆད་ཡོད་ཅེས་པ་དང་གླིང་གེ་སར་རྒྱལ་པོའི་རོལ་དབྱངས་དུས་ཚིགས་སྐབས་གསུམ་པའི་བྱེད་སྒོ་རབ་དང་རིམ་པ་སྤྱི་ཟླ8པའི་ཚེས22ནས26ཉིན་བར་རྒྱུན་མཐུད་སྤེལ་རྒྱུ་རེད།

ཉིན་ཤས་གོང་།གསར་འགོད་པས་སྡེ་དགེ་རྫོང་ཨུ་དྲིལ་སྒྲོག་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན།ད་ལོའི་རོལ་དབྱངས་དུས་ཚིགས་ཀྱི་བྱེད་སྒོ་དེ་མ་ཎི་གད་མགོ་གྲོང་རྡལ་ཆུ་སྐྱིད་གྲོང་སྡེའི་གེ་སར་རྟ་རྒྱུག་ཐང་དང་དེ་བཞིན་རྫོང་ཁོངས་ཀྱི་སྤུས་ལེགས་རིག་གནས་ཡུལ་སྐོར་ཐོན་ཁུངས་གནས་ཡུལ་ཁག་ཏུ་སྤེལ་རྒྱུ་རེད། རྩྭ་ཐང་གར་སྟེགས་སུ་བྱེད་པ་དང་ལོ་རྒྱུས་སྙན་ངག་གཙོ་བོར་བྱས་པའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་དེ་རིག་རྩལ་འཁྲབ་སྟོན་ནས་ས་ཁོངས་མཉམ་སྡེབ་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་སྐྱོད་བཞིན་པ་དང། ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅང་རྒྱུ་གཙོ་བོར་བྱས་ཏེ།རིག་གནས་ངོས་འཛིན་གཅིག་མཐུན་དང་བརྩེ་བ་མཉམ་སྒྲོག་དང་འཕེལ་རྒྱས་འགྲིལ་ཤུགས་གཅིག་ཏུ་སྒྲིལ་བ་རེད།

བྱེད་སྒོར་རྟ་རྒྱུག་དང་རིག་རྩལ་འཁྲབ་སྟོན།གཟུགས་མེད་རིག་གནས་ཤུལ་བཞག་བཤམས་སྟོན།གནའ་རྫས་ཉོ་འཚོང་། རྩྭ་ཐང་སྒར་འདེབས།ཐོན་ལས་བགྲོ་གླེང་། བོད་ལུགས་ཐག་འཐེན། རྟ་ཐོག་མདའ་འཕེན། ལྗིད་འདེགས། གེ་སར་སྒྲུང་བཤད་བཅས་རྣམ་གྲངས་ཕུན་སུམ་ཚོགས་པོ་ཡིན།། ( ཡེ་ཤེས་ཀྱིས་བསྒྱུར།)