མི་དམངས་ཉིན་རེའི་ཚགས་པར་གྱི་མགྲོན་སྣེ་ལས་གནས་ཚུལ་བཀོད་པ་ལྟར་ན། སྤྱི་ཟླ7པའི་ཚེས30ཉིན་ལ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་འཚོགས་ཏེ་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བྱས་པ་རེད། གྲོས་ཚོགས་སུ“མིས་བྱེད་ཤེས་ནུས+”བྱ་སྤྱོད་ལག་ལེན་མཐར་ཕྱིན་བྱས་ནས། ཤེས་ནུས་དཔལ་འབྱོར་རྣམ་པ་གསར་པ་འཕེལ་རྒྱས་དང་གཏོང་ཞིང་མིས་བྱེད་ཤེས་ནུས་ཀྱི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏང་དགོས་ནན་པོར་བསྟན་ཡོད། དེའི་རྒྱབ་ཏུ་བརྡ་རྟགས་གལ་ཆེན་གང་ཞིག་ཡོད་པ་རེད་ཟེར་ན།
འཛམ་གླིང་མིས་བྱེད་ཤེས་ནུས་ཚོགས་ཆེན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོ་ཤེས་བཟོ”སླར་ཡང་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱི་མིང་བྱང་གྲགས་ཅན་ཞིག་ཏུ་ཆགས་ཟིན་ཞེས་གསུངས།
སྤྱི་ཟླ7པའི་ཚེས30ཉིན་ལ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་འཚོགས་ཏེ་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བྱས་པ་རེད། གྲོས་ཚོགས་སུ་བསྟན་དོན། “མིས་བྱེད་ཤེས་ནུས+”བྱ་སྤྱོད་ལག་ལེན་མཐར་ཕྱིན་བྱས་ནས། ཤེས་ནུས་དཔལ་འབྱོར་རྣམ་པ་གསར་པ་འཕེལ་རྒྱས་དང་གཏོང་ཞིང་མིས་བྱེད་ཤེས་ནུས་ཀྱི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏང་དགོས།
2026ལོའི་འཛམ་གླིང་མིས་བྱེད་ཤེས་ནུས་ཚོགས་ཆེན་དང་མིས་བྱེད་ཤེས་ནུས་གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་རིམ་པ་མཐོ་བའི་གྲོས་ཚོགས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་བའི་ལོ་ཤས་རིང་། ཀྲུང་གོ་ཡིས་མིས་བྱེད་ཤེས་ནུས་འཕེལ་རྒྱས་ཧུར་ཐག་བཏང་ཞིང་། མིས་བྱེད་ཤེས་ནུས་ཚན་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་བ། “མིས་བྱེད་ཤེས་ནུས+”བྱ་སྤྱོད་ཧུར་ཐག་བསྐུལ་བ། བྱེད་པོ་མཉམ་སྐྱེ་མཉམ་དར་གྱི་སྐྱོན་བྲལ་སྐྱེ་ཁམས་སྣ་མང་སྐྱེད་སྲིང་བྱས་ཡོད་ཅེས་གསུངས།
ད་ལོ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཆར་འགོད་དང་བཀོད་སྒྲིག་གསར་པ་ཐེངས་མང་གནང་ཡོད། མིས་བྱེད་ཤེས་ནུས་ཀྱི་མཐོ་གསར་ལག་རྩལ་འདི་དག་ནི་ན་གཞོན་ཚོའི་བྱ་གཞག་རེད། བྱ་གཞག་འདི་ཡང་ང་ཚོའི་ཀྲུང་གོ་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་ཚང་མ་དང་གཅིག་ཏུ་སྦྲེལ་ཡོད་པ་རེད། ཁྱོད་ཚོར་རེ་བ་བཅོལ་བ་ཡིན་ཞེས་གསུངས།
དུས་བབ་ཀྱིས་མི་ལ་སྐུལ་མ་བྱེད་ཅིང་མི་ལ་འུ་ཐུག་ཏུ་ཡང་བཅུག། ང་ཚོས་ངེས་པར་དུ་ལོ་རྒྱུས་ཀྱི་གོ་སྐབས་དམ་དུ་བཟུང་ནས་དུས་རབས་གསར་པའི་འགྲན་སློང་ལ་ཁ་གཏད་གཅག་དགོས།།( སྐལ་ཐུབ་ཀྱིས་བསྒྱུར། )
