མཚོ་སྔོན་པོ་ནི་མཚོ་སྔོན་ཞིང་ཆེན་གྱི་བྱང་ཤར་ས་ཁུལ་དུ་ཡོད་ལ། ལྷོ་ནུབ་གསེར་ཆེན་རྫོང་དང་འབྲེལ་ཞིང་། བྱང་ཤར་མདའ་བཞི་དང་རྐང་ཚ་རྫོང་གཉིས་ལ་འབྲེལ་ཡོད། དེ་ནི་རང་རྒྱལ་ནང་ལོག་སྐམ་སའི་ཚྭ་མཚོ་ཆེས་ཆེ་བ་ཡིན་ལ་འཛམ་གླིང་གི་མཚོ་འཕགས་ཆེས་མཐོ་བའི་མཚོ་མོའི་གྲས་ཤིག་ཡིན། མཚོ་འཕགས་སྨི3196ཡོད་པ་དང་མཚོ་ངོས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4573ཡོད། མཚོ་སྔོན་པོ་ལ་སྔོན་མར་ནུབ་མཚོ་ཞེས་འབོད་ལ། གཞན་ལྷ་མཚོ་དང་ཞན་ཧྲེས་མཚོ། པེ་ཧུ་སྤྱང་མཚོ་སོགས་སུའང་འབོད། མཚོའི་མཐའ་འཁོར་དུ་རྩྭ་ཆུ་འཛོམས་ཤིང་ཕྱུགས་རིགས་དར་བས་སྤྱང་རིགས་ཀྱི་དག་ཞིང་ཡིན་པར་བརྟེན་ནས་པེ་ཧུ་སྤྱང་མཚོ་རུ་གྲགས། གཡུ་ཡི་མེ་ལོང་དང་འདྲ་བའི་མཚོ་སྔོན་པོའི་མཐའ་སྐོར་ནི་གཡུ་ཡི་ཞུན་མ་ཐང་ལ་བརྡལ་འདྲའི་མུ་མེད་ཀྱི་རྩྭ་ཐང་ཡིན་ལ། མེ་ཏོག་སྣ་བརྒྱ་བཀྲ་ཞིང་རྟ་ནོར་ལུག་གསུམ་སོགས་བག་ཕེབས་པོར་འཚོ་ཡོད། མཚོ་སྔོན་པོར་གསེར་ཉ་གཙོས་པའི་ཉ་རིགས་འབོར་ཆེན་ཡོད་ཅིང་། འཚོ་བཅུད་རིན་ཐང་ཆེ་ཞིང་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁྱབ་ཡོད། ས་གནས་དེ་གས་མཚོ་སྔོན་པོའི་ཐོན་ཁུངས་ལ་བརྟེན་ནས་རིག་གནས་ཡུལ་སྐོར་ཐོན་ཁུངས་བསྔོགས་ཏེ་མང་ཚོགས་ཀྱི་ཡོང་འབབ་འཕར་ཐབས་བྱས་དང་བྱེད་བཞིན་ཡོད།། ( བདེ་ཆེན་གྱིས་བྲིས་ཤིང་པར་བླངས།)