国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






《ཅང་ཙེ་མིན་གྱི་ཕྱི་འབྲེལ་གསུང་རྩོམ་གཅེས་བསྡུས》 དཔེ་སྐྲུན་བྱས་ནས་བཀྲམ།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ8པའི་ཚེས17ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པར་བརྒྱུད། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚན་ལྡན་ཡིག་ཆ་ཞིབ་འཇུག་ཁང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཕྱི་འབྲེལ་པུའུ་ཡིས་མཉམ་དུ་རྩོམ་སྒྲིག་བྱས་པའི《ཅང་ཙེ་མིན་གྱི་ཕྱི་འབྲེལ་གསུང་རྩོམ་གཅེས་བསྡུས》དེ་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ་དེ་རིང་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱེད་འགོ་བཙུགས་པ་རེད།

《ཅང་ཙེ་མིན་གྱི་ཕྱི་འབྲེལ་གསུང་རྩོམ་གཅེས་བསྡུས》ལས་བློ་མཐུན་ཅང་ཙེ་མིན་གྱིས1989ལོའི་སྤྱི་ཟླ7པ་ནས2003ལོའི་སྤྱི་ཟླ7པའི་བར་ཕྱི་འབྲེལ་ལས་དོན་སྐོར་གྱི་གསུང་རྩོམ་གལ་ཆེན་བསྡུས་ཡོད། དེའི་ནང་སྙན་ཞུ་དང་གསུང་བཤད། གླེང་མོལ། གཏམ་བཤད། འཕྲིན་ཡིག། དྲིས་ལན། ཕྱག་བྲིས་སོགས་རྩོམ་ཡིག115ཡོད་པ་དང་ཡིག་འབྲུ་ཁྲི32ཙམ་ཡོད། དེའི་ནང་གི་གསུང་རྩོམ་ཁ་ཤས་ནི་ཡོངས་བསྒྲགས་བྱེད་ཐེངས་དང་པོ་རེད།

《ཅང་ཙེ་མིན་གྱི་ཕྱི་འབྲེལ་གསུང་རྩོམ་གཅེས་བསྡུས》ལས་བློ་མཐུན་ཅང་ཙེ་མིན་གྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཕྱི་འབྲེལ་རིགས་པའི་གཞུང་ལུགས་དང་ལག་ལེན་ཐད་ཀྱི་དགོངས་པ་གལ་ཆེན་དང་མཛད་རྗེས་ཕུལ་བྱུང་གཅིག་བསྡུས་ཐོག་མཚོན་ཡོད། གསུང་རྩོམ་གཅེས་བསྡུས་འདི་རྩོམ་སྒྲིག་དང་པར་སྐྲུན་བྱས་པ་དེས་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གིས་འགོ་ཁྲིད་བྱས་པའི་བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དུས་སྐབས་གསར་པའི་ལོ་རྒྱུས་ལ་རྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་སློབ་སྦྱོང་དང་ལག་ལེན་བསྟར་བའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་ཆེ་རུ་གཏང་བ། དུས་རབས་གསར་པའི་ཀྲུང་གོའི་ཕྱི་འབྲེལ་ལས་དོན་གྱི་རྣམ་པ་གསར་པ་འབད་བརྩོན་ཆེན་པོས་གཏོད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།།

( བདེ་ཆེན་གྱིས་བསྒྱུར།)