དམར་དམག་རྒྱང་སྐྱོད་དུས་སྐབས་སུ་སྔ་རྗེས་སུ་ཀུའེ་ཀྲོའུ་ཞིང་ཆེན་ཧྲི་པིང་རྫོང་དུ་ཐེངས་མང་འགྲོ་འོང་བྱས་ནས། ས་གཞི་འདིར་ཟུངས་ཁྲག་དྲོན་མོ་དང་ཚེ་སྲོག་གིས་ཟིལ་རླབས་དགུང་ལ་འཕྱུར་བའི་གསར་བརྗེའི་ལེའུ་བརྩམས་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་ལ། ཧྲི་པིང་རྫོང་གིས་ས་གནས་དེ་གའི་གསར་བརྗེའི་ཐོན་ཁུངས་ཕུན་སུམ་ཚོགས་པར་བརྟེན་ནས། གསར་བརྗེའི་རིག་གནས་ཀྱི་ནང་དོན་སྔོག་ཤུགས་ཆེ་རུ་བཏང་བ་དང་། བརྒྱུད་འཛིན་འཕེལ་རྒྱས་བྱེད་སྟངས་གསར་དུ་བཏོད་ཅིང་། གསར་བརྗེའི་རྗེས་ཤུལ་དང་སྒྲིག་ཆས་ཉམས་གསོ་དང་ཞིག་གསོ། གསར་བརྗེའི་ལོ་རྒྱུས་གཏམ་རྒྱུད་འཚོལ་སྡུད། ཐོན་ལས་ལས་རྣམ་སྣ་མང་མཉམ་དུ་འདྲེས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། གསར་བརྗེའི་རིག་གནས་དང་ཞིབ་འཇུག་སློབ་སྦྱོང་། རིག་གནས་ཡུལ་སྐོར། བདེ་ཐང་ཁམས་གསོ་སོགས་གཞི་གཅིག་ཅན་འཕེལ་རྒྱས་ཡོང་བའི་ཐབས་ལམ་གསར་པ་ཞིག་ཏུ་བསྐྱོད་ནས། དེ་ཉིད་ས་གནས་དེ་གའི་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་སྒུལ་ཤུགས་ཆེན་པོ་རུ་བསྒྱུར་བ་རེད།།
( སྐལ་ཐུབ་ཀྱིས་བསྒྱུར།)
