国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་ འཁྲབ་སྟོན་སྐབས་བདུན་པར་ཟློས་གར་གྱི་ རྣམ་གྲངས་ཕུལ་བྱུང48འཁྲབ།

ཉེ་ཆར། གསར་འགོད་པས་པེ་ཅིང་དུ་འཚོགས་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་འཁྲབ་སྟོན་སྐབས་བདུན་པའི་འཕྲིན་སྦྱོར་བརྡ་སྦྱོར་ཚོགས་འདུར་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ8པའི་ཚེས18ནས་སྤྱི་ཟླ9པའི་ཚེས23ཉིན་བར་རིག་རྩལ་འཁྲབ་སྟོན་བྱེད་རིང་།ཟློས་གར་གྱི་རྣམ་གྲངས་ཕུལ་བྱུང་ཁྱོན48པེ་ཅིང་དུ་འཁྲབ་སྟོན་བྱས་ནས་གྲངས་འབོར་སྐབས་རིམ་བྱུང་གི་ཟིན་ཐོ་གསར་པ་བཏོད་པ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར31དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་དང་ཤང་ཀང་། ཨའོ་མེན། ཐའེ་ཝན་བཅས་ལ་ཁེབས་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་དང་རིག་གནས་དང་ཡུལ་སྐོར་པུའུ། རྒྱང་སྒྲོག་སྤྱི་ཁྱབ་ཅུས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཉེར་བའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་འཁྲབ་སྟོན་སྐབས་བདུན་པ་པེ་ཅིང་དུ་སྤེལ་བ་རེད། སྐབས་འདིའི་རིག་རྩལ་འཁྲབ་སྟོན་གོ་སྐབས་སུ་བྱས་ཏེ་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེན་མོར་བརྟེན་ནས་ཀྲུང་གོའི་ལུགས་དེང་རབས་ཅན་ལ་ཁྱོན་ཡོངས་ནས་བསྐུལ་བ་གཙོ་དོན་དུ་བྱས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བའི་གཙོ་རྐང་ལ་དམ་པོར་དམིགས་ཏེ། མི་དམངས་གཙོ་བོར་བྱེད་པའི་གསར་རྩོམ་གྱི་ཁྲིད་སྟོན་རྒྱུན་འཁྱོངས་པ་དང་། ཀྲུང་ཧྭའི་རིག་གནས་ཀྱི་ས་གཤིན་ལ་རྩ་བ་ཚུགས་པ་དང་མི་རིགས་རིག་གནས་མཉམ་འདྲེས་ཀྱི་འཚོ་བཅུད་ལྡན་པ། སྲོལ་རྒྱུན་གྱི་ནང་དོན་དང་དེང་རབས་ཀྱི་མཛེས་དཔྱོད་གཉིས་ཀ་འཛོམས་པའི་གར་སྟེགས་སྒྱུ་རྩལ་རྩེ་གྲ་ཁག་ཅིག་གཅིག་བསྡུས་ཐོག་བཏོད་པ་རེད།

འཁྲབ་སྟོན་དུ་ཞུགས་པའི་ཟློས་གར་གྱི་རྣམ་གྲངས་དེ་པེ་ཅིང་ཟློས་གར་ཁང13དུ་གཅིག་རྗེས་གཉིས་མཐུད་ངང་འཁྲབ་སྟོན་བྱ་རྒྱུ་ཡིན་ཞིང་། ཟློས་གར་གྱི་རྣམ་གྲངས་རེ་རེ་ཐེངས2ནས3བར་འཁྲབ་རྒྱུ་ཡིན་པ་དང་འཁྲབ་སྟོན་ཁྱོན་བསྡོམས་ཐེངས114འཁྲབ་རྒྱུ་རེད། འཁྲབ་སྟོན་དུ་ཞུགས་པའི་ཟློས་གར་གྱི་རྣམ་གྲངས་ཕུན་སུམ་ཚོགས་པ་དང་སྒྱུ་རྩལ་གྱི་རྣམ་པ་སྣ་ཚོགས་ཚུད་ཡོད། བརྗོད་བྱ་སྣ་མང་ཡིན་པ་དང་ལོ་རྒྱུས་ཀྱི་ཟབ་ཚད་དང་དུས་རབས་ཀྱི་དྲོད་ཚད་གཉིས་ཀ་ཡོད། གཞི་རིམ་རིག་གནས་ཚོགས་པའི་འཁྲབ་ཚད་བརྒྱ་ཆ32ལ་ཟིན་ཞིང་། ས་ཁོངས་ལས་བརྒལ་བའི་མཉམ་འབྲེལ་འཁྲབ་སྟོན་འཁྲབ་ཚན5བཏོན་པ་དང་། སྤྱི་ཕན་དམངས་ཕན་གྱི་ཁྲིད་སྟོན་རྒྱུན་འཁྱོངས་ཏེ་སྤ་སེའི་རིན་གོང་དམའ་བ་སོགས་རིག་གནས་དམངས་ཕན་སྲིད་ཇུས་བཏོན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་རིག་རྩལ་འཁྲབ་སྟོན་དུ་རྒྱལ་ཡོངས་ས་ཁུལ་ཁག་དང་མི་རིགས་ཁག་གི་རིག་རྩལ་ཕུལ་བྱུང་སྟོབས་ཤུགས་གཅིག་ཏུ་བསྡུས་ཤིང་། དེ་ནི་དུས་རབས་གསར་པའི་མི་རིགས་རིག་རྩལ་གྲུབ་འབྲས་གཅིག་བསྡུས་སྟོན་པ་ཞིག་རེད།།( བདེ་ཆེན་གྱིས་བསྒྱུར།)