国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མཛོད་དགེ་འདམ་རའི་སྐྱེ་ཁམས་ཉམས་གསོར་གྲུབ་འབྲས་མངོན་གསལ་ཐོབ།

13631_04B_20260824རྔ་བ་ཁུལ་ཁྱུང་མཆུ་རྫོང་གི་འདམ་ར།

མཛོད་དགེ་འདམ་ར་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་སྲུང་འཛིན་ཁུལ་གལ་ཆེན་ཞིག་ཡིན་པ་དང་། མང་ཆེ་བ་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དུ་གནས་ཡོད། ཉེ་བའི་ལོ་ཤས་རིང་། ས་གནས་དེ་གས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭ་ལག་ལེན་བསྟར་ཏེ། རྨ་ཆུའི་རྒྱུད་ངོགས་བསྲུངས་ནས་བརྟན་པོར་བཟོ་བ་དང་གཏེར་རིའི་སྐྱེ་ཁམས་ཉམས་གསོ། ཆུ་རགས་ཉམས་གསོ། རྩྭ་ས་བྱེར་འགྱུར་སྐྱེ་ཁམས་བཅོས་སྐྱོང་། འདམ་རའི་བརླན་གསོ་ཆུ་གསོག་སོགས་བཅོས་སྐྱོང་དང་ཉམས་གསོ་ལས་དོན་སྤེལ་ཏེ། ད་སྔའི་བར་སྐྱེ་ཁམས་ཉམས་གསོ་སྤྱིའི་རྒྱ་ཁྱོན་སྤྱི་ཆིངས་ཁྲི3.25ཡི་ལས་ཀ་བསྒྲུབས་ཚར་བ་རེད།། ( བདེ་ཆེན་གྱིས་བསྒྱུར།)