国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲའོ་པོ་ལྕགས་ཟམ་རྫོང་དུ་སྟོན་དུས་སློབ་འགོ་འཛུགས་པའི་གྲ་སྒྲིག་དང་སློབ་གསོའི་ཁྱབ་ཁོངས་སུ་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ གཅིག་བསྡུས་བཅོས་སྒྲིག་ལས་དོན་ལ་བརྟག་ཞིབ་ཏུ་ཕེབས་སྐབས།

ཞན་ཆ་དང་མི་འདང་སར་ཁ་གསབ་ནས་མི་སྣ་གསོ་སྐྱོང་གི་སྤུས་འབྲས་ཆེ་རུ་བཏང་ནས་བརྩེ་སེམས་ཆེན་པོས་མི་དམངས་བློར་བབ་པའི་སློབ་གསོ་ཡག་པོ་གཉེར་དགོས་གསུངས།

སྤྱི་ཟླ8པའི་ཚེས24ཉིན་ལ་ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ལྕགས་ཟམ་རྫོང་དུ་སྟོན་དུས་སློབ་འགོ་འཛུགས་པའི་གྲ་སྒྲིག་དང་། སློབ་གྲྭའི་བདེ་འཇགས། དེ་བཞིན་སློབ་གསོའི་ཁྱབ་ཁོངས་སུ་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་སོགས་ཀྱི་ལས་ཀར་བརྟག་ཞིབ་ཏུ་ཕེབས་པ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བསྟར་བ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། སློབ་གསོ་སྔོན་དུ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་རྒྱུན་འཁྱོངས་བྱེད་པ། ཏང་གི་ཆེད་དུ་མི་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱེད་པ། དེ་བས་མཐོ་བའི་ཚུགས་གནས་དང་དེ་བས་ཏན་ཏིག་གི་བྱེད་ཐབས་ཀྱིས་ཞན་ཆ་དང་མི་འདང་སར་མགྱོགས་མྱུར་ཁ་གསབ་བྱེད་པ་དང་། མི་གསོ་སྐྱོང་གི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ། སེམས་རྣལ་དུ་ཕབ་ནས་མི་དམངས་བློར་བབ་པའི་སློབ་གསོ་ཡག་པོ་གཉེར་དགོས།

སློབ་གྲྭའི་བཟའ་བཏུང་དང་། སློབ་ཁྲིད་ཡོ་བྱད། སློབ་གོས་བཅས་ཆེད་དོན་བཅོས་སྒྲིག་བྱ་རྒྱུ་ནི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་མཐར་ཕྱིན་པ་བྱ་རྒྱུའི་ནང་དོན་གཙོ་བོ་ཞིག་རེད། ལྕགས་ཟམ་རྫོང་འུ་ལག་རི་བོ་ཡུག་སྦྲེལ་ས་ཁུལ་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭར་ཕེབས་སྐབས་ཀྲའོ་པོ་ཡིས་སློབ་གྲྭའི་བཟའ་བཏུང་བཟོ་སྣོན་གསོག་ཉར་བྱ་ཡུལ་ལ་གཟིགས་ཞིབ་གནང་བ་དང་། སློབ་ཁྲིད་ཡོ་བྱད་མངག་ཉོ་དང་སློབ་གོས་ཉོ་སྒྲུབ་ཀྱི་རྩིས་ཐོ་ལ་གཟིགས་ཞིབ་གནང་ཞིང་། སློབ་གྲྭའི“བཅོས་སྒྲིག་རྣམ་གྲངས་གསུམ”གྱི་ལས་དོན་གནས་ཚུལ་སྙན་སེང་ལ་གསན་འཇོག་གནང་རྗེས་ཁོང་གིས་སློབ་གྲྭའི་འགན་ཁུར་བ་གཙོ་བོའི་འགན་འཁྲི་དང་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི་དམ་དུ་བཏང་ནས་གྲོན་དངུལ་བེད་སྤྱོད་དང་།(པར་ངོས་གཉིས་པར་གཟིགས།)