ཉེ་ཆར། གསར་འགོད་པས་ཁུལ་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ནས། ཟླ་བ་དང་པོ་ནས་བདུན་པའི་བར་རང་ཁུལ་གྱིས་ཤུགས་ཡོད་རྒུས་དཔལ་འབྱོར་བརྩོན་ལེན་དང་འཛུགས་སྐྲུན། འཕེལ་རྒྱས་ལ་དམ་འཛིན་བྱས་ཏེ་འཕར་རྒྱུར་སྐུལ་བས། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་སྤྱིའི་ཆ་ནས་བརྟན་པོ་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད།
བཟོ་ལས་ཐོན་སྐྱེད་བརྟན་པོའི་ངང་འཕར་བ་དང་། གཏེར་ཁ་སྔོག་འདོན་དང་བཟོ་སྐྲུན་ལས་རིགས་གཉིས་ཀྱིས་སྐུལ་བ་རེད། ཁུལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས་བརྒྱ་ཆ7.1འཕར་བ།རིགས་ཕྱེ་ནས་བལྟས་ན། གཏེར་ཁ་སྔོག་འདོན་དང་བཟོ་སྐྲུན། ནུས་ཁུངས་གཙང་མ་བཅས་རིགས་ཆེན་པོ་གསུམ་སོ་སོར་བརྒྱ་ཆ63.1དང་བརྒྱ་ཆ31.0བརྒྱ་ཆ1.2བཅས་འཕར་བ་རེད།(པར་ངོས་གཉིས་པར་གཟིགས།)
