རྒྱལ་ཁབ་བསྡོམས་རྩིས་ཅུས་དཀར་མཛེས་ཁུལ་བརྟག་དཔྱད་རུ་ཁག་གི་བརྟག་དཔྱད་དན་གྲངས་ལས་མངོན་པར་གཞིགས་ན། 2026ལོའི་ཟླ་བ7པར་རང་ཁུལ་གྱི་གྲོང་མིའི་འཛད་སྤྱོད་རིན་གོང་སྟོན་གྲངས(CPI)ན་ལོའི་དུས་མཉམ་ལས་བརྒྱ་ཆ0.2ཆག་པ་དང་ཟླ་བ6པའི་དུས་མཉམ་ལས་བརྒྱ་ཆ0.3ཆག་པ། ཟླ་བ་དང་པོ་ནས་བདུན་པའི་བར་ཆ་སྙོམས་བྱས་ན་ལོ་གོང་མའི་དུས་མཉམ་ལས་བརྒྱ་ཆ0.5འཕར་ཡོད།
ལོ་གོང་མའི་དུས་མཉམ་དང་བསྡུར་ནས་བལྟས་ན། སྤྱི་ཟླ7པར་རང་ཁུལ་གྱི་གྲོང་མིའི་འཛད་སྤྱོད་རིན་གོང་སྟོན་གྲངས(CPI)ན་ལོའི་དུས་མཉམ་ལས་བརྒྱ་ཆ0.2ཆག་པ་རེད། དེའི་ནང་བཟའ་བཅའི་རིན་གོང་སྟོན་གྲངས་བརྒྱ་ཆ2.3ཆག་པ་དང་། བཟའ་བཅའ་མིན་པའི་རིན་གོང་སྟོན་གྲངས་བརྒྱ་ཆ0.4འཕར་བ། བཟའ་བཅའ་དང་ནུས་ཁུངས་ཕུད་རིན་གོང་སྟོན་གྲངས་བརྒྱ་ཆ0.3འཕར་བ། ཚོང་ཟོག་རིགས་ཆེན་པོ་བརྒྱད་དང་དེ་བཞིན་ཞབས་ཞུའི་རིན་གོང“གཉིས་ཆག་ལྔ་འཕར་གཅིག་སྙོམས”ཀྱི་འཁོར་སྐྱོད་རྣམ་པ་མངོན་ཡོད།
སྤྱི་ཟླ7པར་རང་ཁུལ་གྱི་གྲོང་མིའི་འཛད་སྤྱོད་རིན་གོང་སྟོན་གྲངས(CPI)ཟླ་བ6པ་དང་བསྡུར་ན་བརྒྱ་ཆ0.3ཆག་པ་དང་། བཟའ་བཅའ་དང་ནུས་ཁུངས་ཕུད་ཚོང་ཟོག་དང་ཞབས་འདེགས་རིན་གོང་སྟོན་གྲངས་ཟླ་བ6པ་དང་བསྡུར་ན་བརྒྱ་ཆ0.1འཕར་ཡོད། ཚོང་ཟོག་རིགས་ཆེན་པོ་བརྒྱད་དང་དེ་བཞིན་ཞབས་ཞུའི་རིན་གོང“གསུམ་ཆག་བཞི་འཕར་གཅིག་སྙོམས”ཀྱི་འཁོར་སྐྱོད་རྣམ་པ་ཆགས་ཡོད།།
(ལྷ་འཛོམས་ཀྱིས་བསྒྱུར།)
