国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་གྱིས་བྱེད་ཐབས་གསུམ་སྤྱད་དེ་ཆུ་ལོག་སྔོན་འགོག་དང་ གནོད་བསྙུང་གི་བདེ་འཇགས་དྲ་བ་བརྟན་པོ་བཙུགས།

ཆུ་འབྲུབ་དུས་སུ་སླེབས་པ་ནས། རང་ཁུལ་གྱིས་ཉེན་བརྡ་སྔོན་ལ་གཏོང་བ་དང་། ཞིབ་བཤེར་གཏིང་ཟབ་བྱེད་པ། གནས་སྤོ་ཐག་གཅོད་བྱེད་པ་བཅས་བྱས་ནས་མངོན་མེད་རྐྱེན་ངན་ཧྲིལ་སྐྱོང་ལེགས་འཁོར་གྱི་འགུལ་རྣམ་དོ་དམ་མངོན་འགྱུར་ཡོང་བར་བྱས་ཏེ། ཚེ་སྲོག་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་བསྐྲུན་པ་དང་། ཐབས་མང་མཉམ་སྤྱོད་བྱས་ནས་ཆུ་ལོག་གནོད་འཚེ་གནོད་བསྙུང་གི་ཉེན་མེད་དྲ་བ་བཙུགས་པ་རེད།

རང་ཁུལ་གྱིས་གནམ་གཤིས་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་ནས"མགྱོགས་ཞུ"ལས་སྟེགས་བརྒྱུད་རིམ་རྩིས་བྱས་ན་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་ཁྲི7.05སྤྲད་པ་རེད། ཁུལ་ཡོངས་སུ་ཁྱབ་པའི་ཆུ་ལོག་གནོད་འཚེ་འགོག་སེལ་འགན་འཁྲིའི་མ་ལག་བསྐྲུན་ནས་ཆེད་འགན་འཁུར་མཁན་ལྟ་ཞིབ་ཚད་ལེན་པ7747དང་འགན་འཁུར་བ97དོན་ལ་འཁྱོལ་བ་དང་། "ཚན་རྩལ་གྱི་སྔོན་ཚུད་ཉེན་བརྡ་དང་མི་ཐབས་ལ་བརྟེན་ནས་རླུང་འཕྲིན་གཏོང་བ"སོགས་ཀྱི་བྱ་ཐབས་སྤྱད་དེ་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་གཞི་རིམ་གྱི་ལས་ཡུལ་དང་པོར་ཐད་ཀར་ཁྱབ་ཐུབ་པའི་འགན་ལེན་བྱས་པ་རེད། ཆུ་ལོག་གི་ཉེན་ཁ་ཡོད་པའི་ཁུལ་དང་ཆུ་བོ་འབྲིང་ཆུང་དང་དེ་བཞིན་ཆུ་ཤུགས་གློག་ཁང་སོགས་འགག་རྩའི་ཁུལ་ལ་དམིགས་ནས། ས་ཁོངས་ཡོངས་སུ་དྲྭ་འཐེན་རྣམ་པའི་གྲལ་བཤེར་བྱས་ཏེ། ཁྱོན་བསྡོམས་ས་ཁུལ་གྱི་གནོད་འཚེའི་མངོན་མེད་རྐྱེན་ངན་གནས4000དང་། ཆུ་ལོག་གི་ཉེན་ཁ་ཡོད་པའི་ཁུལ2455གྲལ་བཤེར་བྱས་པ་རེད། "དུས་བདེའི་དཀར་མཛེས"ཁོངས་གཏོགས་ལ་བརྟེན་ནས་མང་ཚོགས་ཀྱི་ལྟ་སྐུལ་ལམ་སྲོལ་བཙུགས་ཏེ"ཤེས་རྟོགས་དང་ཞིབ་དཔྱད། བཅོས་སྒྲིག་དང་བྱ་དགའ"བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་ཧྲིལ་སྐྱོང་ལེགས་འཁོར་བྱས་པ་དང་། ད་ལོ་ནས་བཟང་རིམ་རྩིས་བྱས་ན་མངོན་མེད་རྐྱེན་ངན་སྣ་ཚོགས222གྲལ་བཤེར་དང་བཅོས་སྒྲིག་བྱས་པ་རེད།

"གཟུར་གཡོལ་གསུམ"དང"ཛ་དྲག་ངང་ཕྱིར་འཐེན་གསུམ"གྱི་འགྱུར་མེད་བླང་བྱ་ལག་བསྟར་ནན་པོ་བྱེད་པ་དང་། "ལུང་དཔོན་དང་ཚུགས་དཔོན"གྱི་འགན་འཁྲིའི་ལམ་ལུགས་དོན་ལ་འཁྱོལ་ནས། འཚུབ་བསྟུན་ཉེན་གཡོལ་ལས་དོན་མགྱོགས་མྱུར་འཕྲལ་ཐག་ཆོད་པོ་ཡོང་བར་འགན་ལེན་བྱས། འདི་ལོ་རེས་སྐོར10ཡི་ཆར་ཆུ་དྲག་པོ་འབབ་པའི་བརྒྱུད་རིམ་མདུན་དུ་ཁུལ་ཡོངས་ཀྱིས་རིམ་རྩིས་བྱས་ན་ཉེན་གཡོལ་ཛ་དྲག་བྱས་ནས་མང་ཚོགས་མི་ཐེངས་ཁྲི3.9ལྷག་ཙམ་གནས་སྤོ་བྱས་པ་དང་། ཆུ་ལོག་དང་ཞོད་སྐྱོན་གྱི་ས་གཤིས་གནོད་འཚེ165ཐག་གཅོད་ལེགས་གྲུབ་བྱུང་བའི་ནང་ཉེན་གཡོལ་ལེགས་གྲུབ་བྱུང་བའི་གྱོད་དཔེ24ལ་འཚུབ་བསྟུན་དོ་དམ་པུའུ་ཡི་བརྡ་ཁྱབ་ཀྱི་གཟེངས་བསྟོད་ཐོབ་པ་རེད།།

( བདེ་སྐྱིད་ཀྱིས་བསྒྱུར།)