( པར་ངོས་དང་པོར་མཐུད།)སྤུས་ཚད་དོ་དམ་ཚོད་འཛིན་སོགས་ལ་དོ་སྣང་ཆེན་པོ་བྱེད་པ་དང་། ཁྱིམ་བདག་ཞུགས་པ་དང་ཡོངས་བསྒྲགས་ཡོངས་སྟོན། བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བཅས་ཀྱི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ།སློབ་གསོའི་ཁྱབ་ཁོངས་ཀྱི་རུལ་སུང་ཡོ་བསྲང་ནན་པོ་བྱེད་པ་དང་། ཁེ་ཕན་གྱི་འབྲེལ་ཐག་མཐའ་གཅིག་ཏུ་གཅོད་པ། ཁྱིམ་བདག་དང་སློབ་མའི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱེད་པ་བཅས་བྱས་ཏེ་སྤྱོད་བཟང་དྲང་བདེན་གྱི་སློབ་གསོ་ཁོར་ཡུག་ཅིག་རྒྱུན་སྲིང་འཛུགས་དགོས།
དེ་རྗེས། ཀྲའོ་པོ་ལྕགས་ཟམ་རྫོང་དུ་སྔ་རྗེས་སུ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་དང་། ཁུལ་མཐོ་རིམ་སློབ་འབྲིང་། སི་ཁྲོན་མི་རིགས་སློབ་གླིང་ལྕགས་ཟམ་སློབ་ཁུལ། སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་དཀར་མཛེས་ཡན་ལག་སློབ་གླིང་སོགས་ལ་སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་དོ་དམ་སྲུང་སྐྱོང་དང་མེ་ཟོན་བདེ་སྲུང་མ་ལག་འཁོར་སྐྱོད་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་ལས་གནས་དང་པོའི་དགེ་རྒན་དང་བྱམས་བརྩེའི་ངང་གླེང་མོལ་གནང་སྟེ་སློབ་གྲྭའི་སྟོན་དུས་སློབ་འགོ་འཛུགས་པའི་གྲ་སྒྲིག་དང་། སློབ་གྲྭའི་བདེ་འཇགས་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ། སློབ་མའི་སེམས་ཁམས་བདེ་ཐང་སློབ་གསོ་སྤེལ་བ་སོགས་ཀྱི་ལས་དོན་སྙན་སེང་ལ་གསན་འཇོག་གནང་བ་རེད། ཁོང་གིས་ཁུལ་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་ཐོག་མཐའ་བར་གསུམ་དུ་བདེ་འཇགས་ཨང་དང་པོར་འཇོག་པ་དང་སྔོན་འགོག་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཏེ་བྱེད་པོའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས་ལས་ཀའི་ཇུས་གཞི་ཞིབ་ཚགས་དང་འཐུས་ཚང་དུ་བཏང་སྟེ་དགེ་སློབ་སློབ་གྲྭར་ཕྱིར་ལོག་དང་། སློབ་ཁྲིད་འཆར་གཞི་བཀོད་སྒྲིག། རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུ་འགན་ལེན་སོགས་གཙོ་གནད་ལས་དོན་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་སློབ་དུས་གསར་པ་བདེ་བླག་ངང་སློབ་འགོ་ཚུགས་ཐུབ་པར་ཁག་ཐེག་བྱ་དགོས། ས་གནས་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་ནན་ཏན་སྒྲུབ་པ་དང་སྟོན་དུས་སློབ་འགོ་ཚུགས་པའི་འགན་ལེན་དང་། སློབ་གསོའི་ཁྱབ་ཁོངས་གཅིག་སྡུད་བཅོས་སྒྲིག། སློབ་གྲྭའི་བདེ་འཇགས་བརྟན་བརླིང་། ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ལས་དོན་ཁག་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཞན་ཆ་དང་མི་འདང་སར་ཁ་གསབ་པ། དཀར་མཛེས་ཁུལ་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཧུར་ཐག་བསྐུལ་དགོས།
སི་ཁྲོན་མི་རིགས་སློབ་གླིང་ཏང་ཨུའི་ཧྲུའུ་ཅི་ཀོན་ཡུང་ལིན་དང་། ཁུལ་གྱི་མགོ་ཁྲིད་ཡིའུ་ཞང་ཧྥེ་དང་། ཧྥེང་ཝུའེ་ལེའང་། ཧོང་ཅིན། ཚེ་དབང་འགྱུར་མེད། ལྕགས་ཟམ་རྫོང་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་འབྲེལ་ཡོད་བརྟག་དཔྱད་དུ་ལྷན་ཕེབས་བྱས་པ་རེད།།( ལྷ་འཛོམས་དང་ཀུན་དགས་བསྒྱུར།)
