国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ནམ་ཡང་ཉམས་པ་མེད་པའི་གསར་བརྗེའི་མཛད་རྗེས་རྡོ་རིང་།

དམར་དམག་གིས་ལྕགས་ཟམ་མྱུར་འཕྲོག་བྱེད་པའི་དྲན་གསོ་ཁང་།

13405_03B_20260817ཡུལ་སྐོར་བས་དྲན་གསོ་ཁང་དུ་ལྟ་སྐོར་བྱེད་བཞིན་པ།

སི་ཁྲོན་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་གནས་པའི་ལྕགས་ཟམ་ཟམ་པ་ནི1705ལོར་བསྐྲུན་ཅིང་། རིང་ཚད་སྨི103.67ཡོད་ལ་ཞེང་ཁར་སྨི3ཡོད། ལྕགས་ཐག13ལས་གྲུབ་ཡོད།

1935ལོའི་ཟླ་བ5པར། དམར་དམག་རྒྱང་སྐྱོད་ལམ་བར་དུ་འགག་རྩའི་དམག་འཐབ་ཐེངས་ཤིག་གནས་དེ་ནས་བྱུང་། དགྲ་དམག་གིས་ཟམ་པང་བཤིག་ནས་འགོག་རྒོལ་དྲག་པོ་བྱས་པའི་དཀའ་ངལ་གྱི་མདུན་དུ་དམར་དམག་འཐབ་འཛིང་པ་རྣམས་མདེའུ་ཆར་ལ་དཔའ་མ་ཞུམ་པ་ལག་གཅིག་གིས་ལྕགས་ཐག་ལ་འཇུས་པ་དང་ལག་གཅིག་གིས་མེ་མདའ་བཟུང་ནས་འཕར་རྒོད་དྲག་པོར་བྱས་ནས་ལྕགས་ཟམ་འཕྲོག་པའི་གསར་བརྗེ་དཔའ་བོའི་ལོ་རྒྱུས་དེ་ནས་བཟུང་ཡུལ་གྲུ་ཀུན་ལ་ཁྱབ་ཡོད།

དེང་སང་། ལྕགས་ཟམ་ཁ་ནི་མི་སུ་ཞིག་ལ་མཚོན་ན་ནམ་ཡིན་ཡང་གསར་བརྗེའི་མཚོན་རྟགས་ཤིག་ཏུ་གྱུར་ཡོད། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་ཚོ་གསར་བརྗེ་གནས་ཡུལ་ལ་ལྟ་སར་ཡོང་བར་མ་ཟད། གསར་བརྗེའི་སྔོན་བྱོན་པ་ཚོའི་ཞུམ་མེད་འབད་བརྩོན་གྱི་རྒྱང་སྐྱོད་སྙིང་སྟོབས་ལ་དངོས་སུ་མྱོང་ཚོར་ཐེངས་ཤིག་ཀྱང་བྱས་པ་རེད། ལྕགས་ཟམ་དང་བར་ཐག་སྤྱི་ལེ་གཅིག་ལྷག་ཡོད་པའི་དམར་དམག་གིས་ལྕགས་ཟམ་མྱུར་འཕྲོག་བྱས་པའི་དྲན་གསོ་ཁང་གི་རྡོ་རིང22དང་གཙོ་དོན་བརྐོས་བརྙན་དག་ནི་སྐབས་དེ་དུས་ལྕགས་ཟམ་མྱུར་འཕྲོག་པའི་དཔའ་བོ22ལ་དྲན་གསོ་བྱ་ཆེད་བཞེངས་པར་མ་ཟད། ཡིག་རིས་ལོ་རྒྱུས་དཔྱད་གཞི། ཨང་ཀིའི་བརྙན་གཟུགས་སོགས་ནང་དོན་ཕུན་སུམ་ཚོགས་པའི་འགྲེམས་སྟོན་བྱེད་སྟངས་ལ་བརྟེན་ནས་ལྕགས་ཟམ་མྱུར་འཕྲོག་བྱས་པའི་ལོ་རྒྱུས་བརྗིད་ཉམས་ལྡན་པ་བསྐྱར་དུ་མངོན་པར་བྱས་ཡོད།

རྒྱལ་ཡོངས་ཀྱི་གསར་བརྗེའི་སློབ་གསོ་དང་། རྒྱལ་སྲུང་སློབ་གསོ། མི་རིགས་མཐུན་སྒྲིལ་སློབ་གསོ་བཅས་ཀྱི་དཔེ་སྟོན་རྟེན་གཞི་ཡིན་པའི་དྲན་གསོ་ཁང་དེས་ལོ་རེར་ཡུལ་སྐོར་བ་མི་ཁྲི40ལྷག་ལ་སྣེ་ལེན་བྱེད་ཀྱིན་ཡོད། དྲན་གསོ་ཁང་གིས་གསར་བརྗེའི་མི་སྣ་གསོ་སྐྱོང་གི་ནུས་པ་ཆེ་རུ་གཏོང་ཆེད་ཏང་གི་སློབ་ཚན་ཆུང་གྲས་དང་འགྲེལ་བཤད་པ་ཆུང་ཆུང་གསོ་སྦྱོང་སོགས་ཀྱི་ཁྱད་ལྡན་བྱེད་སྒོ་རྒྱུན་རྣམ་ཅན་དུ་སྤེལ་ཏེ། 2019ལོ་ནས་བཟུང་བྱིས་པ་ལོ་ཆུང་གི་འགྲེལ་བཤད་པ400ལྷག་གསོ་སྐྱོང་བྱས་ནས་གསར་བརྗེའི་འདུ་ཤེས་ལོ་ཆུང་ཚོའི་སེམས་སུ་བརྟན་པོར་ཚུགས་ཐུབ་པ་བྱུང་ཡོད།

རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང(ལྕགས་ཟམ་ཁའི་དུམ་མཚམས)གི་སྤུས་རིམ་སྤར་བའི་འཛུགས་སྐྲུན་ལ་བརྟེན་ནས་ས་གནས་དེ་གས་གསར་བརྗེའི་རིག་གནས་ཡུལ་སྐོར་བྱེད་སྟངས་གསར་དུ་བཏོད་པ་དང་། དངོས་ལྗོངས་གར་སྟེགས་ཟློས་གར་དངVRམྱོང་རོལ་སོགས་ལས་རིགས་རྣམ་པ་གསར་པ་དུ་བཏོད་དེ་གསར་བརྗེའི་རིག་གནས་བརྒྱུད་སྤེལ་བྱེད་སྟངས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། ལོ91གཅིག་གི་ལོ་ཟླའི་ཁྲོད། རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་བརྗིད་ཉམས་ལྡན་པའི་བཞུར་སྒྲ་དང་བསྟུན་ནས་ལྕགས་ཟམ་དེ་ལས་མངོན་པའི་རྒྱང་སྐྱོད་ཀྱི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་བཞིན་ཡོད། ས་གནས་དེ་གའི་རིག་གནས་ཡུལ་སྐོར་ལས་དོན་པས་ཐོག་མའི་བསམ་འདུན་སེམས་ལ་བརྟན་པོར་བཅངས་ཤིང་གསར་བརྗེའི་གཏམ་རྒྱུད་རྒྱུན་ཆད་མེད་པར་ཡག་པོ་བཤད་ནས་རྒྱང་སྐྱོད་སྙིང་སྟོབས་རླབས་པོ་ཆེ་དེ་དུས་རབས་གསར་པའི་རྒྱང་སྐྱོད་ཁྲོད་མི་རབས་ནས་མི་རབས་བར་རྒྱུན་འཛིན་དར་སྤེལ་གཏོང་བཞིན་ཡོད་ཅེས་བཤད་པ་རེད།།

(སྐལ་བཟང་རྒྱ་མཚོས་བསྒྱུར།)