( པར་ངོས་དང་པོར་མཐུད།)ཐོན་རྫས་ཀྱི་ཐོན་ཚད་ལ་བལྟས་ན། ཞ་ཉེ་དང་ཏི་ཚའི་ལྕགས་རིགས་གཏེར་ཁ་ཆག་ཚད་དེ་ལོ་སྟོད་ལས་བརྒྱ་ཆའི་གྲངས2.7དང4.5ཆུང་དུ་ཕྱིན་པ་དང་། ལི་གཏེར་ཐོན་ཚད་བརྒྱ་ཆ116.7འཕར་ནས་ལྡབ་གྲངས་རྒྱུན་མཐུད་ངང་འཕར་བ་དང་།ཨར་འདམ་ཐོན་ཚད་བརྒྱ་ཆ50.8འཕར་ནས་རྒྱུན་མཐུད་ངང་མགྱོགས་མྱུར་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་རེད།
ཁུལ་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར88.03ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ5.6འཕར་བ། ལས་རིགས་ཕྱེ་ནས་བལྟས་ན།ཆོག་མཆན་ཐོབ་པའི་སྡོད་ཁང་གི་ལས་རིགས་ཆེན་པོ་བཞི་སོ་སོར་བརྒྱ་ཆ5.2དང་བརྒྱ་ཆ5.9བརྒྱ་ཆ5.2བརྒྱ་ཆ4.8བཅས་འཕར་ཡོད། ཚོང་ཟོག་སིལ་འཚོང་བྱེད་ཚད་ཚོད་འཛིན་བྱས་ཚུལ་ལ་བལྟས་ན། རྡོ་སྣུམ་དང་ཐོན་རྫས། རླངས་འཁོར་བཅས་རིགས་གཉིས་ཀྱིས་བསྡོམས་རྩིས་བརྒྱབ་པའི་བསྡུར་ཚད་བརྒྱ་ཆ46.3ཟིན་པ་དང་།བསྡོམས་རྩིས་བརྒྱབ་ན་བརྒྱ་ཆ30.8འཕར་བ། སྐུལ་ཁྲིད་བྱེད་ཚད་བརྒྱ་ཆའི་གཞི་གྲངས12.1འཕར་བ་རེད།
མ་དངུལ་འཇོག་པའི་གྲུབ་ཚུལ་ལེགས་འགྱུར་མངོན་གསལ་བྱུང་བ་དང་། བཟོ་སྐྲུན་ལས་རིགས་དང་དམངས་ཁྲོད་ཀྱི་མ་དངུལ་འཇོག་པར་འཕུར་མཆོང་བྱུང་ཡོད། ཁུལ་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་དུས་མཚུངས་ལས་བརྒྱ་ཆ11.5འཕར་བ། ཐོན་ལས་ཕྱེ་ནས་བལྟས་ན།ཐོན་ལས་དང་པོ་གཉིས་པ་གསུམ་པ་སོ་སོར་བརྒྱ་ཆ8.3དང་།བརྒྱ་ཆ8.2བརྒྱ་ཆ15.0བཅས་འཕར་ཡོད། ལས་གྲྭ་ཕྱེ་ནས་བལྟས་ན།བཟོ་ལས་དང་བཟོ་སྐྲུན་ལས་རིགས།ལག་རྩལ་མཐོ་བའི་ཐོན་ལས།དམངས་ཁྲོད།ས་ཁང་བདག་ཁོངས་གསར་སྤེལ་བཅས་ལ་མ་དངུལ་འཇོག་གྲངས་སོ་སོར་བརྒྱ་ཆ8.2དང་བརྒྱ་ཆ102.5བརྒྱ་ཆ29.0བརྒྱ་ཆ82.3བརྒྱ་ཆ50.7བཅས་འཕར་ཡོད་པ་རེད།
ནོར་སྲིད་ཡོང་འབབ་ཀྱི་སྤུས་ཚད་ཆ་སྙོམས་འཕར་བ་དང་ཁྲལ་འབབ་འཕར་ཤུགས་དེ་བས་མངོན་གསལ་དོད་པོ་ཡོད། ཁུལ་ཡོངས་ཀྱི་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར60.51ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས་བརྒྱ་ཆ21.1འཕར་བ་དང་། ས་གནས་ཀྱི་སྤྱི་པའི་ནོར་སྲིད་གཏོང་སྒོ་སྒོར་དུང་ཕྱུར261.81ལེགས་གྲུབ་བྱུང་ནས་བརྒྱ་ཆ1.5ཆག་ཡོད། དེའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར39.59མངོན་འགྱུར་བྱུང་ནས་བརྒྱ་ཆ49.9འཕར་བ་དང་། ཁྲལ་མིན་ཡོང་འབབ་སྒོར་དུང་ཕྱུར20.92ཟིན་ནས་བརྒྱ་ཆ11.1ཆག་པ་རེད།
སྤྱི་ཡོངས་ནས་བལྟས་ན། ཟླ་དང་པོ་ནས་བདུན་པའི་བར་དཀར་མཛེས་ཁུལ་བཟོ་ལས་ཀྱི་སྒུལ་ནུས་གསར་པ་རྒྱུན་མཐུད་ངང་སྟོབས་ཆེར་ཕྱིན་པ་དང་། འཛད་སྤྱོད་ཀྱི་ལྟེ་བའི་ཐོན་རྫས་རིགས་ཀྱི་འདེགས་སྐྱོར་ནུས་ལྡན་བྱུང་བ་དང་མ་འཇོག་གྲུབ་ཆ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ནས་ནོར་སྲིད་འབབ་འཕར་གྱི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་རྒྱུན་མཐུད་གོང་འཕེལ་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།།
( བདེ་སྐྱིད་དང་རྒྱ་མཚོས་བསྒྱུར།)
