国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་གྱི་སྒོ་འགྲམ་གསར་བརྗེའི་རྗེས་ཤུལ་ལས་དམར་དམག་རྒྱང་སྐྱོད་ལོ་རྒྱུས་བསྐྱར་དུ་དྲན།

1

1

2

2

3

3

4

4

5

5

6

6

7

7

ལྕགས་ཟམ་ཟམ་པའི་ནུབ་ཕྱོགས་ཀྱི་ཁྲོམ་ར་རྙིང་པ་སྟེ། དམར་དམག་གིས་ལྕགས་ཟམ་ཟམ་པ་འཕྲོག་པའི་དམག་འཐབ་མ་རྒྱག་པའི་སྔོན་ལ། ཟམ་ནུབ་ཀྱི་ཁྲོམ་ར་རྙིང་པའི་གཞིས་མིའི་ཁྱིམ་དུ་ཟམ་གདན་བྱེད་ཡས་ཀྱི་པང་ལེབ་སྒོ་ལེབ་མང་པོ་གཡར་ཡོད་པ་རེད།

མའོ་ཙེ་ཏུང་གི་བཞུགས་གནས་རྙིང་པ་སྟེ། ལྕགས་ཟམ་རྫོང་འབོ་ཞབས་གནམ་བདག་ཆོས་ལུགས་ཀྱི་ཆོས་ཁང་། 1935ལོའི་ཟླ་བ5པའི་ཚེས29ཉིན་གྱི་ས་སྲོད་ལ། མའོ་ཙེ་ཏུང་ཀྲུང་དབྱང་དམར་དམག་གི་འབུམ་ཤོག་དང་པོ་དང་ལྷན་དུ་འབོ་ཞབས་སུ་ཐོན་ཞིང་གནམ་བདག་ཆོས་ལུགས་ཀྱི་ཆོས་དཔོན་གྱི་ཁང་པར་བཞུགས་པ་རེད།

ལྕགས་ཟམ་ཟམ་པའི་ཚོགས་ར་རྙིང་པ། 1935ལོའི་ཟླ་བ5པའི་ཚེས30ཉིན་ལ། མའོ་ཙེ་ཏུང་སོགས་ཀྲུང་དབྱང་མགོ་ཁྲིད་བློ་མཐུན་ལྕགས་ཟམ་རྫོང་དུ་འབྱོར། བྱང་སྐྱོད་འགྲོ་ལམ་གཏན་འཁེལ་བྱ་ཆེད་ཀྲུང་དབྱང་གིས་ལྕགས་ཟམ་དུ་ལྕགས་ཟམ་ཟམ་པའི་གྲོས་ཚོགས་འཚོགས་པ་རེད། གྲོས་ཚོགས་སུ་ཞུགས་མཁན་བློ་མཐུན་མའོ་ཙེ་ཏུང་དང་། ཀྲུའུ་ཏེ། ཀྲོའུ་ཨེན་ལེ། ཀྲང་ཝུའུ་ཐེན། ཝང་ཅ་ཞང་། ཁྲེན་ཡུན་བཅས་ཡོད། གྲོས་ཚོགས་སུ་དམར་དམག་འབུམ་ཤོག་དང་པོས་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་བརྒལ་རྗེས་གྱི་དུས་བབ་ལ་དབྱེ་ཞིབ་བྱས་ཏེ། མི་འབོར་མང་ས་དང་དགྲ་བོས་བཙན་སྲུང་དམ་ནན་བྱ་ཡུལ་ས་ཁུལ་ལས་བྱོལ་ནས་བྱང་ཕྱོགས་སུ་གངས་རི་རྩྭ་ཐང་བརྒལ་ནས་དམར་དམག་འབུམ་ཤོག་བཞི་པ་དང་དམག་འཛོམས་བྱ་རྒྱུའི་གཏན་འབེབས་བྱས་པ་དང་ཆབས་ཅིག། བློ་མཐུན་ཁྲེན་ཡུན་ཧྲང་ཧའེ་དུ་གོ་མིན་ཏང་གི་དབང་སྒྱུར་ས་ཁོངས་ཀྱི་ཏང་རྩ་འཛུགས་བསྐྱར་གསོ་བྱེད་དུ་མངག་རྒྱུའི་གཏན་འབེབས་ཀྱང་བྱས་པ་རེད།

ལྕགས་ཟམ་རྫོང་རྡོ་མལ་སྒང་གི་དམར་དམག་གི་འཐབ་རའི་རྗེས་ཤུལ། 1935ལོའི་ཟླ་བ5པའི་ཚེས29ཉིན་ལ། ལིའུ་པའོ་ཁྲེན་དང་ཉིའེ་རུང་ཀྲེང་གིས་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་བརྒལ་བའི་གཡས་རུ(འབུམ་ཤོག་དང་པོའི་ཁྲི་ཤོག་དང་པོ་དང་དེའི་ལས་བྱེད་མདའ་ཤོག)ཡི་སྣེ་ཁྲིད་དེ་ལྕགས་ཟམ་རྫོང་གི་རྡོ་མལ་སྒང་དུ་བསླེབས་ནས་དགྲ་བོ་དང་དམག་འཐབ་དྲག་པོ་བྱས་ཏེ། གོ་མིན་ཏང་དམག་མིའི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་གཡས་ངོགས་ཀྱི་ཡོད་པའི་འགོག་ར་མཐའ་མ་དེ་གཏོར་བ་དང་། དགྲ་བོ་ལི་ཆོན་ཧྲན་གྱི་མདའ་ཤོག་ཁོ་ན་ལྕགས་ཟམ་དུ་ལུས་སུ་བཅུག་སྟེ། གཡོན་རུ་དམར་དམག་གིས་ལྕགས་ཟམ་ཟམ་པ་འཕྲོག་ལེན་ཐུབ་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད།

མའོ་ཙེ་ཏུང་གི་བཞུགས་གནས་རྙིང་པ་སྟེ། ལྕགས་ཟམ་རྫོང་འབོ་ཞབས་གནམ་བདག་ཆོས་ལུགས་ཀྱི་ཆོས་ཁང་། 1935ལོའི་ཟླ་བ5པའི་ཚེས29ཉིན་གྱི་ས་སྲོད་ལ། མའོ་ཙེ་ཏུང་ཀྲུང་དབྱང་དམར་དམག་གི་འབུམ་ཤོག་དང་པོ་དང་ལྷན་དུ་འབོ་ཞབས་སུ་ཐོན་ཞིང་གནམ་བདག་ཆོས་ལུགས་ཀྱི་ཆོས་དཔོན་གྱི་ཁང་པར་བཞུགས་པ་རེད།

མའོ་ཀྲུའུ་ཞིའི་བཞུགས་གནས་རྙིང་པའི་ཁང་པའི་ནང་རོལ།

དམར་དམག་གིས་ལྕགས་ཟམ་ཟམ་པ་འཕྲོག་ལེན་མ་བྱེད་པའི་སྔོན་གྱི་ཚོགས་རའི་རྗེས་ཤུལ་ཏེ། ལྕགས་ཟམ་རྫོང་ལྕགས་ཟམ་གྲོང་རྡལ་འབོ་ཞབས་ལྷོ་ནུབ་ཀྱི་ས་པ་གྲོང་སྡེའི་གནམ་བདག་ཆོས་ལུགས་ཆོས་ཁང་། 1935ལོའི་ཟླ་བ5པའི་ཚེས29ཉིན་གྱི་ཉིན་གུང་ལ། དམར་དམག་ཁྲི་ཤོག་གཉིས་པའི་མདའ་ཤོག་བཞི་པས་གནམ་བདག་ཆོས་ལུགས་ཀྱི་ཆོས་ཁང་དུ་ལས་བྱེད་པའི་གྲོས་ཚོགས་འཚོགས་ཏེ། ལྕགས་ཟམ་ཟམ་པ་འཕྲོག་ལེན་བྱ་རྒྱུ་ཞིབ་འཇུག་བྱས་པ་སྟེ། བརྒྱ་ཤོག་གཉིས་པས་གུང་ཁྲན་ཏང་མི་དང་ཧུར་བརྩོན་པ་ཉེར་གཉིས་བདམས་ནས་འཕྲལ་རྒོལ་རུ་ཁག་བཙུགས་པ་དང་། བརྒྱ་དཔོན་ལིའོ་ཏ་ཀྲུའུ་འཕྲལ་རྒོལ་རུ་ཁག་གི་རུ་དཔོན་བསྐོས་པ་དང་། བརྒྱ་ཤོག་གསུམ་པས་རྗེས་འཇུག་རུ་ཁག་གི་འགན་ཁུར་ནས་འཕྲལ་རྒོལ་རུ་ཁག་གི་རྗེས་སུ་འབྲངས་ནས་ཟམ་ཐོག་པང་ལེབ་བཏིང་ནས་དཔུང་སྡེ་རྗེས་མས་མགྱོགས་མྱུར་དུ་རྫོང་གྲོང་བླང་རྒྱུར་ཁག་ཐེག་བྱ་དགོས་པའི་ཐག་བཅད་པ་རེད།།( སྐལ་ཐུབ་ཀྱིས་བསྒྱུར།)