ཉེ་ཆར། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཚན་ཁག་གི་ཧྲུའུ་ཅི། ཐིང་ཀྲང་ཧོང་ཧུང་གིས་སྣེ་ཁྲིད་དེ་རང་ཁུལ་གྱི་དར་མདོ་གྲོང་ཁྱེར་དང་བྲག་མགོ་རྫོང་། རྟའུ་རྫོང་སོགས་སུ་འགྲིམ་འགྲུལ་གཙོ་གནད་ལས་གཞི་འཛུགས་སྐྲུན་དང་། འགྲིམ་འགྲུལ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས། ཆུ་འབྲུབ་དུས་ཀྱི་བདེ་འཇགས་དོགས་ཟོན་དང་འཚོ་སྐྱོང་དམའ་སྐྱོར་སོགས་ཀྱི་འབྲེལ་ཡོད་ལས་དོན་ལ་རྟོག་ཞིབ་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་འབྲེལ་ཡོད་རྟོག་ཞིབ་ཏུ་ཞུགས་པར་མ་ཟད། ཧོང་ཧུང་དང་བཞུགས་མོལ་གནང་བ་རེད།
བཞུགས་མོལ་གནང་སྐབས། ཀྲའོ་པོ་ཡིས་ཧོང་ཧུང་དང་བཅས་པ་རང་ཁུལ་དུ་ཕེབས་པར་དགའ་བསུ་ཞུས་པ་དང་། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་དུས་ཡུན་རིང་པོར་དཀར་མཛེས་ཁུལ་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་གྱིས་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བ་དེ་ཐོག་མཐའ་བར་གསུམ་དུ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས“འགྲིམ་འགྲུལ་སྔོན་སྤེལ”གྱི་འདུ་ཤེས་ལག་ལེན་མཐར་ཕྱིན་བསྟར་ནས་སི་ཁྲོན་དང་ཡུན་ནན། བོད་ལྗོངས། མཚོ་སྔོན་བཅས་འབྲེལ་མཚམས་ཁུལ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་མགྱོགས་མྱུར་བསྐྲུན་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་རྨང་གཞིའི་སྒྲིག་བཀོད། འགྲིམ་འགྲུལ་དབོར་འདྲེན་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་བཀོད་སྒྲིག་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་རེད། ( པར་ངོས་གཉིས་པར་གཟིགས།)
