国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་དང་སི་ཁྲོན་ཞིང་ཆེན་ཆུ་ལས་འཕེལ་རྒྱས་ ཚོགས་པའི་བར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག།

སྤྱི་ཟླ8པའི་ཚེས25ཉིན་ལ། དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་དང་སི་ཁྲོན་ཞིང་ཆེན་ཆུ་ལས་འཕེལ་རྒྱས་ཚོགས་པས་ཁྲེང་ཏུའུ་རུ་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་དང་ཞིང་ཆེན་ཆུ་བེད་ཐིང་ཏང་ཚན་ཁག་གི་ཧྲུའུ་ཅི། ཐིང་ཀྲང་ཏུང་ལི་གན་འཇོག་མཛད་སྒོར་ཞུགས་པ་དང་ཤིས་ཚིག་ཕུལ་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་ཚོགས་འདུར་ཞུགས་པ་རེད། ཞིང་ཆེན་ཆུ་ལས་འཕེལ་རྒྱས་ཚོགས་པའི་ཏང་ཨུའི་ཧྲུའུ་ཅི། རྐང་དཔོན་ཝང་ཧྭ་ཡིས་གཙོ་སྐྱོང་གནང་བ་རེད།

ཀྲའོ་པོ་ཡིས་ཤིས་ཚིག་འབུལ་སྐབས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་ཞིང་ཆེན་ཆུ་བེད་ཐིང་གིས་དུས་ཡུན་རིང་པོར་དཀར་མཛེས་ཁུལ་གྱི་ཆུ་བེད་བྱ་གཞག་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཆུ་བེད་ཐིང་གིས་ཐོག་མཐའ་བར་གསུམ་དུ་དཀར་མཛེས་ཁུལ་འཕེལ་རྒྱས་ལ་བརྩེ་སེམས་བཅངས་ནས་ལས་གཞི་བརྩོན་ལེན་དང་ལས་གྲྭ་འཛུགས་སྐྲུན། སྐྱེ་ཁམས་བཅོས་སྐྱོང་།( པར་ངོས་གཉིས་པར་གཟིགས།)