( པར་ངོས་དང་པོར་མཐུད།)འཚོ་སྐྱོང་དམའ་སྐྱོར་སོགས་ཀྱི་ཐད་སེམས་ཁུར་དང་རོགས་རམ་བྱས་ཏེ་ཁུལ་ཡོངས་ཀྱི་ཆུའི་བདེ་འཇགས་འགོག་སྲུང་ར་བ་བརྟན་པོར་བསྐྲུན་པ་དང་། མཐོ་སྒང་གི་ཆུ་སྐྱེ་ཁམས་སྲུང་སྐྱོང་། ཡུན་རིང་འཕེལ་རྒྱས་ལ་སྐུལ་བའི་ཐད་རྨང་གཞི་སྲ་ཞིང་བརྟན་པ་ཞིག་བཏིང་ཡོད། ཞིང་ཆེན་ཆུ་ལས་འཕེལ་རྒྱས་ཚོགས་པ་དང་དཀར་མཛེས་ཁུལ་བར་མཛའ་མཐུན་ཟབ་མོ་དང་འབྲེལ་བ་དམ་ཟབ་ཡོད་པས་ཆུ་བེད་ལས་གྲྭ་གལ་ཆེན་འཛུགས་སྐྲུན་དང་ཆུ་བེད་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་སོགས་ཀྱི་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱས་པས་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་རྨང་གཞི་བརྟན་ཞིང་མདུན་ལམ་ཧ་ཅང་ཆེན་པོ་ཡོད།
ད་ཐེངས་ཀྱི་གྲོས་མཐུན་བཞག་པ་དེ་ནི་ཁེ་ལས་དང་ས་གནས་ཕྱོགས་གཉིས་པོས་དུས་སྐབས་གསར་པའི་སི་ཁྲོན་ཆུ་བེད་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྐུལ་བའི་སྐོར་གྱི་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་བསྟར་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས་དཀར་མཛེས་ཁུལ་གྱི་ཆུ་བེད་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་སྐུལ་ངེས་རེད། ཚོགས་པ་དང་བློ་སེམས་གཅིག་མཐུན་གྱིས་ལག་གདང་སྦྲེལ་ནས་དུས་རབས་ལས་གྲྭ་མཉམ་དུ་བསྐྲུན་པ་དང་། ལས་གཞི་གལ་ཆེན་མཉམ་དུ་སྒྲུབ་པ། སྦག་མེད་ནུས་ཁུངས་མཉམ་དུ་སྤེལ་བ། དར་རྒྱས་ལ་མཉམ་དུ་སྐུལ་བ་བཅས་བྱས་ཏེ་མཐོ་སྒང་གི་ཆུ་བཅོས་ཆུ་དར་གྱི་ས་ཁུལ་དང་ཁེ་ལས་མཉམ་ལས་ཀྱི་ཚད་ཤིང་གསར་པ་མཉམ་དུ་བསྐྲུན་ནས་ཞིང་ཆེན་ཡོངས་ཀྱི་ཆུ་བེད་བྱ་གཞག་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བྱས་རྗེས་དེ་བས་ཆེན་པོ་གཞག་དགོས་ཞེས་གསུངས།
ཏུང་ལི་ཡིས་ཕྱོགས་གཉིས་པོས་ད་ཐེངས་ཀྱི་གྲོས་མཐུན་འཇོག་པ་དེ་གོ་སྐབས་གསར་པར་བརྩིས་ནས་རྒྱལ་ཁབ་དང་ཞིང་ཆེན་གྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལ་མ་སྐུལ་དང་བླངས་ཀྱིས་ཞབས་འདེགས་ཞུ་བ་དང་། མཐོ་སྒང་དེང་རབས་ཆུ་དྲྭ་འཛུགས་སྐྲུན་ཐད་མཐུན་སྦྱོར་གྱིས་ཤུགས་རྒྱག་པ། གཉིས་ཕན་མཉམ་ལས་ཡང་དག་བྱེད་པའི་ཁྲོད་ཕན་འབྲས་དངོས་ཐོན་གང་ཐུབ་བྱེད་པ་བཅས་ཀྱི་ཐོག་ནས་རྨ་འབྲི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཉེན་མེད་སྲུང་ཡོལ་ཐུན་མོང་ཐོག་བརྟན་པོར་བསྐྲུན་ཏེ་ཀྲུང་གོའི་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་ཆེད་ཆུ་བེད་སྟོབས་ཤུགས་དེ་བས་མང་པོ་བྱས་རྗེས་འབུལ་དགོས་ཞེས་གསུངས།
ཝང་ཧྭ་ཡིས་ཞིང་ཆེན་ཆུ་ལས་འཕེལ་རྒྱས་ཚོགས་པས་ཞིང་ཆེན་ཆུ་བེད་ཐིང་ཏང་ཚན་ཁག་གི“ཞབས་ཞུ་གསུམ”ལས་ཀའི་འདུ་ཤེས་ལག་ལེན་མཐར་ཕྱིན་བསྟར་ནས་གངས་ལྗོངས་མཐོ་སྒང་དུ་འགན་འཁྲི་འཁུར་བ་དང་འགག་སྒྲོལ་དཀའ་སེལ་ཁྲོད་གྲུབ་འབྲས་བཟང་པོ་ཐོབ་པ་དང་། དཀར་མཛེས་ཁུལ་དང་མཉམ་དུ་ས་གནས་དང་ཁེ་ལས་མཉམ་ལས་ཀྱི་དུས་རབས་ལེའུ་གསར་པ་འབྲི་རྒྱུ་ཡིན་ཞེས་བཤད་པ་རེད།
གྲོས་མཐུན་འཇོག་པའི་མཛད་སྒོར་ཁུལ་དཔོན་གཞོན་པ་ཅིན་ཐེན་ཆང་དང་ཞིང་ཆེན་ཆུ་ལས་འཕེལ་རྒྱས་ཚོགས་པའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། རྐང་དཔོན་གཞོན་པ། སྤྱི་ཁྱབ་ལས་འཛིན་པ་ཞང་ཧྲི་ཁྲུན་གྱིས་ཕྱོགས་གཉིས་པོའི་ཚབ་བྱས་ནས་གྲོས་མཐུན་ཡི་གེ་བཀོད་པ་རེད། གྲོས་མཐུན་གཞིར་བཟུང་ནས་ཕྱོགས་གཉིས་པོས་ཆུ་བེད་ལས་གྲྭ་གལ་ཆེན་ལ་སྐུལ་བ་དང་། ས་ཁོངས་ཀྱི་ཆུ་དྲྭ་འཛུགས་སྐྲུན། འཚོ་སྐྱོང་དམའ་སྐྱོར། ནུས་ཁུངས་གཙང་མ་གསར་སྤེལ་སོགས་ཁྱབ་ཁོངས་ལ་དམིགས་ནས་མཉམ་ལས་དོན་ལ་གནས་པ་བྱ་རྒྱུ་ཡིན་པ་རེད།
ཞིང་ཆེན་ཆུ་བེད་ཐིང་དང་ཞིང་ཆེན་ཆུ་བེད་འཕེལ་རྒྱས་ཚོགས་པའི་འབྲེལ་ཡོད་མགོ་ཁྲིད་དང་འབྲེལ་ཡོད་ཁྲུའུ་ཁང(སྡེ་ཚན)གི་འགན་འཁུར་བློ་མཐུན་དང་། ལྕགས་ཟམ་རྫོང་དང་། བརྒྱད་ཟིལ་རྫོང་། སྡེ་དགེ་རྫོང་བཅས་དང་དེ་བཞིན་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་སོགས་ཞུགས་ཡོད།།
( ལྷ་འཛོམས་དང་ཀུན་དགས་བསྒྱུར།)
