国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔལ་ཡུལ་རྫོང་གིས་སྔོན་འགོག་གསུམ་ལ་ཤུགས་བསྣན་ཏེ། ཆུ་ལོག་ཉེན་མེད་སྲུང་ཡོལ་བརྟན་པོར་བསྐྲུན།

ད་ལོ་ནས་བཟུང་། དཔལ་ཡུལ་རྫོང་གིས་ཚན་རྩལ་གྱི་སྔོན་འགོག་ཞིང་ཁར་སྤེལ་བ་དང་། དངོས་ཟོག་གི་སྔོན་འགོག་ལ་བརྟེན་ནས་རྨང་གཞི་རྩ་བཅོས་བྱས། མཉམ་འབྲེལ་སྔོན་འགོག་གི་ནུས་པ་འཚུབ་བསྟུན་གཅིག་བསྡུས་བཅས་བྱས་ནས་ཞིང་ལས་དང་འབྲེལ་བའི་ཆུ་ལོག་སྔོན་འགོག་གི་སྲུང་ཡོལ་བརྟན་པོ་བསྐྲུན་ཡོད།

དཔལ་ཡུལ་རྫོང་གིས་ཞིང་ལས་ལག་རྩལ་མི་སྣ་བསྡུས་ཏེ་ཡུལ་ཤོག་དང་གྲོང་རྡལ་དུ་བསྐྱོད་ནས་ཚན་རིག་དང་མཐུན་པའི་ལུད་རྒྱག་སྟངས་དང་ནད་འབུའི་གནོད་འཚེ་འགོག་ཟོན་སོགས་ཀྱི་གསོ་སྦྱོང་སྤེལ་ཏེ། ཞིང་འཇལ་ལུད་རྒྱག་ལག་རྩལ་ཁྱབ་གདལ་བཏང་། ནད་འབུའི་གནོད་འཚེ་འགོག་བཅོས་ལྟ་ཞིབ་ཚད་ལེན་དཔྱད་ཆས་སྤྲད་པ་དང་། གནོད་འཚེ་སྔོན་འགོག་གི་འཚུབ་བསྟུན་སྔོན་ཇུས་ལག་ལེན་བསྟར་འགོ་བཙུགས་ནས་ཞིང་སའི་ཁུལ་ཏུ་གལ་ཆེན་གྱི་ཞིང་ཁའི་ཡུར་བུ16གཙང་སེལ་བྱས་པ་དང་། དངུལ་ཆུ་དང་བརྫིང་ཆུ་སོགས་ཀྱི་ཆུ་ལོག་སྔོན་འགོག་བཅོས་སྐྱོང་ལས་གྲྭར་བསྐུལ་ནས་ཆུ་ལམ་སྤྱི་ལེ13.837བཅོས་སྐྱོང་བྱས་ཡོད། མགོ་ཁྲིད་ཀྱིས་ས་ཁུལ་འགན་ཁུར་པ་དང་། འགན་འཁུར་བས་ཡུལ་ཤོག་དང་གྲོང་རྡལ་ལ་འཁན་ཁུར་བ། ལག་རྩལ་པས་གནས་ཡུལ་ལ་འགན་ཁུར་བ་བཅས་རིམ་པ་གསུམ་གྱི་མཉམ་འབྲེལ་འགོག་སྲུང་ལམ་སྲོལ་བཙུགས་ཏེ“ལུང་དཔོན་དང་གནས་དཔོན”ལམ་ལུགས་དོན་ལ་འཁྱོལ་ནས་འཚུབ་བསྟུན་གཟན་རྩྭ་དངོས་ཟོག་འགན་སྲུང་བརྟན་པོར་བྱས་ཡོད།།

( སྐལ་བཟང་རྒྱ་མཚོས་བསྒྱུར།)