( པར་ངོས་དང་པོར་མཐུད།)ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་སྔར་བཞིན་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། མྱུར་བགྲོད་གཞུང་ལམ་འཆར་འགོད་འཛུགས་སྐྲུན་དང་། གཞུང་ལམ་དཀྱུས་མ་འཛུགས་སྐྲུན། ཆེད་སྤྱོད་མ་དངུལ་བཀོད་སྒྲིག། ཐཱན་མེད་སྐྱེལ་འདྲེན་བར་ཁྱམས་ཀྱི་དཔེ་སྟོན་དུམ་བུ་གཏོད་པ་སོགས་ཀྱི་ཐད་རྒྱབ་སྐྱོར་སྔར་ལས་ཆེ་བ་བྱས་ཏེ། དཀར་མཛེས་ཁུལ་ནང་ཁུལ་ནས་ཕར་འགྲོ་ཚུར་འོང་བྱེད་པའི་བགྲོད་ལམ་ཆེན་པོ་སྔར་ལས་ཤར་བགྲོད་ཐུབ་པ་དང་། ཁུལ་ནང་ཁུལ་གྱི་གཞུང་ལམ་དྲ་བ་འཐུས་ཚང་དུ་གཏོང་བར་རོགས་རམ་བྱས་ནས་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བསྐུལ་བའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཧོང་ཧུང་གིས་བསྟན་དོན།"ལོ་ལྔའི་འཆར་འགོད་བཅོ་ལྔ་པའི"རིང་ལ་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་དེ་ལམ་དྲྭ་མགྱོགས་པ་ཆགས་པ་དང་། སྤུས་ཚད་དང་ཕན་འབྲས་ཆེ་རུ་སོང་བ། མཉམ་འདྲེས་ཀྱིས་རོགས་རམ་བྱེད་པ་བཅས་ཀྱི་འགག་རྩའི་དུས་སྐབས་སུ་སླེབས་པས། དཀར་མཛེས་ཁུལ་ནི་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་ཞིང་ཆེན་སྟོབས་ཆེན་སྐྲུན་པའི་འགག་གནས་ཤིག་ཡིན་པའི་ངོས་ནས་འཆར་འགོད་སྣེ་ཁྲིད་དང་། ཚད་བརྒལ་འོས་འཚམ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ལས་གཞི་འགག་སྒྲོལ་ལ་དམ་འཛིན་ཏན་ཏིག་བྱེད་པ་དང་། གྲུབ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་བརྒྱབ་ནས་མྱུར་བགྲོད་གཞུང་ལམ་དང་། རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ། གྲོང་སྡེའི་གཞུང་ལམ་བཅས་འཛུགས་སྐྲུན་ལ་ཤུགས་ཆེན་བསྐུལ་ཏེ། ས་ཁོངས་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་ཀྱི་རྨང་གཞི་རྒྱུན་མཐུད་ངང་བརྟན་དུ་གཏང་དགོས། འགྲིམ་འགྲུལ་འཕེལ་རྒྱས་ཀྱི་ལས་རྣམ་གསར་པ་རྒྱ་སྐྱེད་གཏང་དགོས་པ་དང་། འགྲིམ་འགྲུལ་འཛུགས་སྐྲུན་དེ་ཡུལ་སྡེ་དར་རྒྱས་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས། མཐོ་སྒང་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ།འགྲིམ་འགྲུལ་བགྲོད་ལམ་དེ་ཐོན་ལས་ཁྱམས་ལམ་དུ་མགྱོགས་མྱུར་བསྒྱུར་བ་དང་། འགྲིམ་འགྲུལ་ཁྱབ་འགྱེད་སྐུལ་ཁྲིད་དང་ཕྱོགས་བསྡུས་རོགས་སྐུལ་གྱི་ལྡབ་འཕར་ཕན་ནུས་འདོན་སྤེལ་གང་ལེགས་བྱ་དགོས། ཐོག་མཐའ་བར་གསུམ་དུ་ཉེན་མེད་ཐོན་སྐྱེད་ཀྱི་རྩ་བ་དམ་པོར་བཟུང་ནས་ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ་དང་། བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བྱས་ཏེ། ལས་རིགས་ཀྱི་ཉེན་མེད་ཐོན་སྐྱེད་ཀྱི་དུས་བབ་རྒྱུན་མཐུད་བརྟན་བརླིང་ཡོང་བར་འགན་ལེན་བྱ་དགོས། ཕྱོགས་བསྡུས་ཇུས་འདོན་གྱིས་ཤུགས་ཡོད་རྒུས་མཐོ་སྒང་གི་གཞུང་ལམ་དྲ་བའི་བདེ་འཇགས་བརྟན་པོ་ཡོང་བར་འགན་ལེན་བྱ་དགོས། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་གཙང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱས་ཏེ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ཆེད་དོན་བཅོས་སྒྲིག་བྱ་རྒྱུར་སྐུལ་བ་དང་། གཞི་རིམ་གྱི་འགག་རྩའི་ལས་གནས་དང་གཙོ་གནད་ཐུག་ས་ལ་དམ་པོར་དམིགས་ནས་ལྟ་སྐུལ་སྒྲིག་ཁྲིམས་ལག་བསྟར་དང་། འགན་འཁྲི་རྩད་གཅོད་ཏན་ཏིག་བྱེད་པ། གནད་དོན་བཅོས་སྒྲིག་དོན་ལ་འཁྱོལ་རྒྱུར་དམ་འཛིན་ནན་པོ་བྱས་ཏེ། འགྲིམ་འགྲུལ་ཁོངས་གཏོགས་ཀྱི་གཞི་རིམ་ཏང་སྲོལ་སྲིད་གཙང་གི་འགོག་སྲུང་ར་བ་བརྟན་པོ་ཞིག་བསྐྲུན་དགོས།།
( བདེ་སྐྱིད་དང་རྒྱ་མཚོས་བསྒྱུར།)
