ཉེ་ཆར། བོད་ལུགས་གསོ་རིག་སྨན་ཐང་ཞིབ་འཇུག་ལྟེ་གནས་ཀྱི་སྒོ་འབྱེད་མཛད་སྒོ་དང《བོད་ལུགས་གསོ་རིག་སྨན་ཐང་དཔེ་རིས་ཕྱོགས་བསྒྲིགས》ཐོག་མར་འགྲེམས་སྤེལ་བྱེད་པའི་མཛད་སྒོ་བོད་ལྗོངས་ལྷ་ས་རུ་སྤེལ་བ་རེད། སྨན་ཐང་ནི་བོད་ཀྱི་གསོ་རིག་མ་ལག་ཁོངས་གཏོགས་ཀྱི་གསོ་རིག་ཐང་ག་ཡིན་ལ། སྨན་ཐང་ཆ་ཚང་ཁྱོན་བསྡོམས80ཡོད། དེའི་ནང་བོད་ལུགས་གསོ་རིག་རྨང་གཞིའི་གཞུང་ལུགས་དང་ནད་བརྟག་སྨན་བཅོས་ལག་རྩལ། ནད་འགོག་དང་ཁམས་སྲུང་། སྨན་རྫས་སྡེབ་སྦྱོར། སྨན་པའི་ཀུན་སྤྱོད་སོགས་ཚུད་ཡོད། དེ་ནི་བོད་ལུགས་གསོ་རིག་ཁོ་ནར་ཡོད་པའི་མཐོང་ཐུབ་པའི་གསོ་རིག་སློབ་དེབ་དང་གཟུགས་བརྙན་ཅན་གྱི་སློབ་ཁྲིད་ཡོ་བྱད་ཅིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོའི་སྤྱི་ཟླ་དང་པོར་དུས་རབས17ནས20བར་གྱི་བོད་ལུགས་གསོ་རིག་གི་འགེལ་རིས་སྨན་ཐང་དེ་དག་ཀྲུང་གོའི་ཡིག་ཚགས་ཚད་ལྡན་ཡིག་ཆའི་ཤུལ་བཞག་མིང་གཞུང་ཁག་ལྔ་པར་བདམས་པ་རེད།། ( བདེ་ཆེན་གྱིས་བསྒྱུར།)
