ལྕགས་ཟམ་རྫོང་དུ་ཡོད་པའི་བློ་མཐུན་ཀྲུའ་ཏེའི་བཞུགས་གནས་རྙིང་པ།
མཆོང་ལྡིང་གླིང་ནི་ལྕགས་ཟམ་རྫོང་གི་ཤར་ལྷོར་གནས་ཤིང་། ལྕགས་ཟམ་ནས་ཧན་ཡོན་དང་ཡུན་ཅིང་དུ་འགྲོ་ས་དང་དམར་དམག་བྱང་སྐྱོད་ཀྱི་བརྒྱུད་ལམ་ཡིན། སྤྱི་ལོ1935ལོའི་ཟླ་བ5པའི་ཚེས30ཉིན་ལ། གཡས་རུ་དམར་དམག་ཁྲི་ཤོག་དང་པོའི་མདའ་ཤོག་གཉིས་པས་དགྲ་བོས་བཟུང་བའི་མཆོང་ལྡིང་གླིང་གི་གཡུལ་ངོགས་ཕས་རྒོལ་བྱས། ཟླ་བ5པའི་ཚེས31ཉིན་ལ། ཁྲི་ཤོག2པའི་འབུམ་ཤོག4ཡང་མཆོང་ལྡིང་གླིང་དུ་བསླེབས་ཏེ་འཐབ་འཛིང་ཁྲོད་དུ་ཞུགས་ནས་མཚན་གུང་བར་དུ་དམག་འཐབ་དྲག་པོར་བྱས་མཐར་དགྲ་བོ་ཡོངས་སུ་ཕམ་པ་དང་དམར་དམག་གིས་མཆོང་ལྡིང་གླིང་བཟུང་སྟེ། བྱང་སྐྱོད་ཀྱི་འགྲོ་ལམ་ཕྱེ་ཡོད། ཀྲུང་དབྱང་མགོ་ཁྲིད་དང་འབུམ་ཤོག་དང་པོའི་དཔུང་སྡེ་གནས་འདི་བརྒྱུད་དེ་རིམ་པར་ལྕགས་ཟམ་ནས་ཐོན་ཡོད།
བློ་མཐུན་ལིའུ་པའོ་ཁྲེན་གྱི་འཕྲིན་ཡིག་ཕྱག་བསྟར་མ། སྤྱི་ལོ1935ལོའི་ཟླ་བ6པའི་ཚེ2ཉིན་ལ། བློ་མཐུན་ལིའུ་པའོ་ཁྲེན་གྱིས་ཁྲི་ཤོག2པའི་ཆབ་སྲིད་པུའུ་ལ་བྲིས་པའི་འཕྲིན་ཡིག་ཡིན། ཀྲོའུ་དབྱི་ཐིང་ནི་ལིའུ་པའོ་ཁྲེན་གི་སི་ཁྲོན་ལུའུ་ཀྲོའུ་དང་ཧྲུན་ཆིང་(ད་ལྟའི་ནན་ཁྲུང་ཡིན)གི་འོས་ལངས་དམག་དཔུང་གི་མདའ་དཔོན་ཡིན་ཞིང་། འོས་ལངས་ཕམ་ཁ་བྱུང་རྗེས་གསང་བའི་ལས་དོན་སྒྲུབ་བཞིན་ཡོད། 1932ལོར་ཁྲེང་ཏུའུ་རུ་དགྲ་བོས་འཛིན་བཟུང་བྱས་ནས་བསད་པ་རེད། དམར་དམག་ཁྲི་ཤོག2པའི་སྔོན་སྐྱོད་དམག་དཔུང་ཧྭ་ལིང་ཕིང་དུ་བསླེབས་རྗེས་ཀྲོའུ་དབྱི་ཐིང་གི་ཁྱིམ་མི་ཡུལ་གྱི་གཤེད་མ་རུ་འཁྲུལ་ནས་དེའི་ནུ་ཤུག་འཛིན་བཟུང་བྱས་པ་རེད། རྐྱེན་དེ་ལས་ལིའུ་པའོ་ཁྲེན་གྱིས་ཆེད་དུ་ཁྲི་ཤོག2པའི་ཆབ་སྲིད་པུའུ་ལ་འཕྲིན་ཡིག་བྲིས་ནས་དེའི་ཁྱིམ་མི་གསར་བརྗེའི་སྔོན་གཤེགས་པའི་ཁྱིམ་ཚང་ཡིན་ཚུལ་གསལ་བཤད་གནང་བ་དང་། དེའི་ནུ་ཤུག་བཙན་གྲོལ་མགྱོགས་པོ་ཐུབ་པའི་ཁར་ཁྱིམ་མི་ཚོ་ལ་ཡང་སྲུང་སྐྱོང་ཐོབ་ཡོད།
ལྕགས་ཟམ་རྫོང་གི་ལྕགས་ཟམ་ཟམ་པ་འཕྲོག་ལེན་བྱེད་པའི་དྲན་གསོ་རྡོ་རིང་ནི་ལྕགས་ཟམ་རྫོང་མཁར་ལྷོ་ཕྱོགས་ཀྱི་ཟམ་ཆེན་འགྲམ་དུ་ཡོད་ཅིང་། དམར་དམག་གིས་ལྕགས་ཟམ་ཟམ་པ་འཕྲོག་ལེན་བྱས་ནས་ལོ50འཁོར་བར་དྲན་གསོ་ཞུ་ཆེད། སྤྱི་ལོ1984ལོར་བསྐྲུན་པ་རེད། 1985ལོའི་ཟླ་བ3པར། བློ་མཐུན་ཏེང་ཞའོ་ཕིང་གིས་དམར་དམག་གིས་ལྕགས་ཟམ་ཟམ་པ་འཕྲོག་ལེན་བྱེད་པའི་དྲན་གསོའི་རྡོ་རིང་ཞེས་པའི་རྡོ་རིང་གི་བྱང་ཡིག་བྲིས་གནང་བ་དང་། སྐས་རིམ་གཡས་གཡོན་གྱི་ངོས་སུ་བོད་རྒྱ་ཡིག་རིགས་གཉིས་ཀྱིས་དམག་སྤྱི་ཉིའེ་རུང་ཀྲེང་གིས་ཕྱག་བྲིས་གནང་བའི་རྡོ་རིང་ཡི་གེ་བརྐོས་ཡོད། གསར་བརྗེའི་རྒན་རབས་པ་གཉིས་ཀྱིས་བྱང་ཡིག་དང་ཡི་གེ་ལྷན་བཀོད་གནང་བའི་དྲན་གསོའི་རྡོ་རིང་ནི་རྒྱལ་ཡོངས་སུ་གཅིག་ལས་མེད།
ལྕགས་ཟམ་རྫོང་དུ་ཡོད་པའི་དམར་དམག་གིས་ལྕགས་ཟམ་ཟམ་པ་འཕྲོག་ལེན་བྱེད་པའི་དྲན་གསོ་ཁང་། ལྕགས་ཟམ་རྫོང་མཁར་གྱི་ལྷོ་ཕྱོགས་སུ་གནས་ཤིང་། 2005ལོར་བསྐྲུན་ཡོད།
དམར་དམག་གི་འཐབ་ར་རྙིང་ཤུལ། དར་མདོའི་སྤང་མདའ་སྒང་སྒང་། སྤྱི་ལོ1935ལོའི་ཟླ་བ11པའི་ཟླ་འགོར། དམར་དམག་འབུམ་ཤོག32པ་ལྷོར་བསྐྱོད་དམག་འཐབ་སྐབས་སུ་དར་མདོར་བརྒྱུད་པའི་ཚེ་དེ་སྔོན་རི་སྐེད་ཡུལ་ཤོག་གི་སྤང་མདའ་སྒང་སྒང་ཞེས་པའི་ས་ཆར་གོ་མིན་ཏང་ཀྲུང་དབྱང་དམག་དང་ས་གནས་དེ་གའི་དམངས་ཚོགས་ཀྱི་འགོག་རྒོལ་དང་འཕྲད་ཅིང་། དམར་དམག་གིས་གོ་མིན་ཏང་གི་དམག་དཔུང་དང་ས་གནས་དེ་གའི་དམངས་ཚོགས་དང་ཉིན་ལྔ་ལ་དམག་འཐབ་དྲག་པོ་བྱས་ཀྱང་དགྲ་བོའི་སྲུང་ར་ལས་བརྒལ་ཐུབ་མེད།
དམར་དམག་རྒྱང་སྐྱོད་ཆུ་བརྒལ་རྙིང་ཤུལ། དར་མདོའི་ཁུའོ་ཚང་ཆུ་ཁའི་ཟམ་ཆེན། སྤྱི་ལོ1936ལོའི་ལུགས་རྙིང་ཟླ་བ2པའི་ཚེས1ཉིན་ལ། དམར་དམག་འབུམ་ཤོག32པའི་དཔུང་སྡེ་ཞིག་པའོ་ཞིན་རྫོང་ལུང་ཏུང་ནས་ཐུང་ལིན་གྲོང་སྡེར་ཞུགས་ནས། མཐུན་སྒྲིལ་དང་ཕུ་མདའ། ཁུའོ་ཚང་ཆུ་ཁ་བཅས་བརྒྱུད་དེ། ཟབ་ཆེན་དེ་བརྒྱུད་ནས་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་བརྒལ་ཏེ་དབུས་ཐང་དགོན་གྲོང་སྡེར་(དེ་སྔོན་ཤིང་ཟམ་ཡིན་ཞིང་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་སྐབས་སུ་རྡོ་ཟམ་གཞུ་དབྱིབས་ཅན་བཙུགས་ཡོད།)སླེབས། སྐྱིད་ཐང་ས་ཁུལ་དུ་ངེས་མེད་རྒོལ་རྡུང་གིས་ལྕགས་ཟམ་ལ་དཔུང་འཇུག་བྱེད་ཁུལ་བྱས་པ་རེད། གོ་མིན་ཏང་དམག་དཔུང་གིས་འགོག་སྲུང་དམ་ནན་ཡིན་པའི་རྐྱེན་གྱིས་ཉིན་བཅུ་ཕྲག་ལྷག་སོང་རྗེས་སྔར་ལམ་ནས་པའོ་ཞིན་དུ་ལོག་ཡོད།( སྐལ་ཐུབ་ཀྱིས་བསྒྱུར།)
