国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲའོ་པོ་ཡིས་ཁུལ་ཨུ་ཏང་སྐྱོང་འགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་གཙོ་སྐྱོང་གནང་སྟེ།

སློབ་སྦྱོང་སློབ་གསོའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་ཆེར་ གཏོང་ཞིང་། རང་རྟོགས་ངང་མི་དམངས་ལ་སྲིད་འགན་ལག་རྗེས་འཇོག་པ་ དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་འགན་ལག་རྗེས་གཞག་དགོས་གསུངས།

སྤྱི་ཟླ9པའི་ཚེས7ཉིན་ལ་ཁུལ་ཨུ་ཏང་འཛུགས་སྐྱོང་འགོ་ཁྲིད་ཚོ་ཆུང(ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་འགོ་ཁྲིད་ཚོ་ཆུང)གི་གྲོས་ཚོགས་འཚོགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི། འགོ་ཁྲིད་ཚོ་ཆུང་གི་ཚོ་དཔོན་ཀྲའོ་པོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་། ཁོང་གིས་སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་ལག་བསྟར་མཐར་ཕྱིན་པ་བྱེད་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་ལ་འཁྱོལ་བ། རྒྱུན་དུ་དམ་འཛིན་ལྷོད་མེད་དང་ཡུན་རིང་བྱས་རྗེས་འཇོག་པ་མཐའ་འཁྱོངས་པ། སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་ཆེར་གཏོང་བ། རང་རྟོགས་ངང་མི་དམངས་ལ་སྲིད་འགན་ལག་རྗེས་འཇོག་པ། དངོས་སྒྲུབ་ལ་བརྟེན་ནས་སྲིད་འགན་ལག་རྗེས་འཇོག་པ་བཅས་བྱས་ཏེ། དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་ནན་གསུང་གནང་བ་རེད།

ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ། ཞིང་ཆེན་ཏང་ཨུ་ཏང་འཛུགས་སྐྱོང་འགོ་ཁྲིད་ཚོ་ཆུང(ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་འགོ་ཁྲིད་ཚོ་ཆུང)གི་ཚོགས་འདུའི་སྙིང་དོན་བརྒྱུད་སྦྱངས་དང་། ཁུལ་ཡོངས་ཀྱིས་སྲིད་འགན་ལག་ལེན་འདུ་ཤེས་འཆང་བ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་སྤེལ་ཚུལ་སྙན་སེང་ལ་ཉན་འཇོག་བྱས་པ་རེད།

ཚོགས་འདུར་བསྟན་དོན། འདི་ལོ་ནས་བཟུང་ཁུལ་ཨུས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ནས་བསམ་བློའི་སྣེ་ཁྲིད་དང་། དངོས་བཤེར་ལེགས་བཅོས། རྒྱུན་རྣམ་ཕུགས་ཕན། གཅིག་གྱུར་འཆར་འགོད་ཕྱོགས་ཡོངས་ལྟ་རྟོག་བཅས་རྒྱུན་འཁྱོངས་ཏེ་སློབ་སྦྱོང་དང་ཞིབ་བཤེར། ལེགས་བཅོས་ཀྱི་ལས་འགན་ཁག་གཞི་གཅིག་ཏུ་སྐུལ་འདེད་བཏང་བས་ལས་བྱེད་པར་སློབ་གསོ་ཐོབ་པ་དང་། ལམ་ལུགས་ཀྱིས་ཕུགས་ལ་དོ་དམ་བྱས་པ། འཕེལ་རྒྱས་ལ་སྒུལ་ནུས་སྣོན་པ། མང་ཚོགས་ལ་དངོས་ཕན་ཐོབ་པ་བཅས་ཀྱི་ཕན་འབྲས་ཐོབ་ནས་དཀར་མཛེས་ཁུལ་གྱི་བྱ་གཞག་ཁག་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྐུལ་འདེད་ནུས་ལྡན་བཏང་བ་དང་། སློབ་སྦྱོང་སློབ་གསོའི་ཕན་འབྲས་ཐོབ་ཡོད། དེ་དང་ཆབས་ཅིག་སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་རྒྱུ་ནི་ཡུན་རིང་གི་ལས་འགན་ཞིག་ཡིན་པ་དང་། ད་ཐེངས་ཀྱི་སློབ་སྦྱོང་སློབ་གསོ་ནི་མཇུག་འགྲིལ་ས་མིན་ལ་ལས་འགོ་འཛུགས་ས་གསར་པ་ཞིག་ཡིན་པར་ཡང་མཐོང་ཐུབ་དགོས། ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་མི་དང་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་གྱི་དོན་དུ་བདེ་སྐྱིད་བསྐྲུན་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་འདོན་པ། དངོས་སྒྲུབ་ནན་སྒྲུབ་བཅས་རྒྱུན་འཁྱོངས་ཏེ་སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པས་འགན་འཁྲི་ཁུར་ཕོད་པ་དང་འགན་འཁྲི་སྒྲུབ་པ། དཀར་མཛེས་ཁུལ་གྱི་བྱ་གཞག་ཁག་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བློ་རྩ་གཅིག་བསྒྲིམས་ཀྱིས་བསྐུལ་དགོས།

ཚོགས་འདུར་སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བའི་འགག་རྩ་ནི་ཆབ་སྲིད་ཀྱི་འགན་འཁྲི་དམ་དུ་བཏང་ནས་སློབ་སྦྱོང་དང་སློབ་གསོའི་རྒྱུན་རྣམ་ཕུགས་ཕན་ལ་སྐུལ་འདེད་གཏང་དགོས་པ་དེ་རེད། རིམ་ཁག་ཏང་ཨུ(ཏང་ཚན་ཁག)སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏང་རྒྱུ་ཉིན་རེའི་ལས་རིམ་གལ་ཆེན་ནང་གཞག་དགོས་པ་དང་། རིམ་པ་ཁག་གི་མགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མགོ་ཁྲིད་རྒན་པས་གོང་གིས་འོག་ལ་སྣེ་ཁྲིད་དང་དཔེ་སྟོན་སྐུལ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་དང་། རྩ་འཛུགས་སྡེ་ཁག། འབྲེལ་ཡོད་འགན་ནུས་སྡེ་ཚན་བཅས་ཀྱིས་རང་འགན་རང་སྒྲུབ་དང་རང་འགན་ནན་འཁུར་བྱས་ཏེ་རྒྱ་ཆེ་བའི་ཏང་མི་དང་ལས་བྱེད་པས་དངོས་སྒྲུབ་གྲུབ་འབྲས་ལ་བརྟེན་ནས་དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་ལ་ཕན་འབྲས་གསར་པ་འཐོབ་པར་བསྐུལ་དགོས་ཞེས་ནན་པོར་བསྟན་པ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)