国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབྱང་ཧུང་ཧྲོའུ་ཡིས་ཁུལ་ཡོངས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ལས་དོན་ཆེད་དོན་སྐུལ་འདེད་ཚོགས་འདུར།

ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་གྲུབ་འབྲས་སྲ་བརྟན་དང་ཆེ་རུ་བཏང་སྟེ། ཤུགས་ཡོད་རྒུས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་ཉེན་མེད་ཡོང་བར་བསྲུང་དགོས་གསུངས།

སྟོན་ཟླ་དགུ་པར་དཀར་མཛེས་ས་གཞི་ཆེན་མོའི་གང་སར་ལོ་ལེགས་ཀྱི་སྤྲོ་སྣང་གིས་ཁེངས་བཞིན་ཡོད། ས་གནས་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་སྟོན་ཐོག་བསྡུ་བའི་དུས་སུ་སླེབས། པར་འདི་ནི་བྲག་མགོ་རྫོང་ཤྭ་རྭ་ཐང་གྲོང་རྡལ་གྱི་ནས་ལོ་ལེགས་བྱུང་བའི་རྣམ་པ་རེད།

སྤྱི་ཟླ9པའི་ཚེས4ཉིན། ཁུལ་ཡོངས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཆེད་དོན་སྐུལ་འདེད་ཚོགས་འདུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་བ་རེད། ཁོང་གིས་འགོས་ནད་ཚབས་ཆེན་འགོག་བཅོས་ལས་དོན་སྐོར་གྱི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་ནས། རིམ་པ་ཁག་དང་སྡེ་ཚན་ཁག་གི་འགན་འཁྲི་ནན་དུ་གཏོང་བ་དང་། ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དང་ཆེ་རུ་བཏང་སྟེ་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་ཉེན་མེད་ཡོང་བར་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཏེ། བདེ་ཐང་དཀར་མཛེས་ཁུལ་འཛུགས་སྐྲུན་གྱི་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་པ་བྱ་དགོས་ཞེས་ནན་གསུངས་གནང་བ་རེད།

ཚོགས་འདུར་བསྟན་དོན། ཐུམ་འབུའི་ནད་ནི་རང་ཁུལ་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་ལ་གནོད་པ་དང་འབྲོག་ཁུལ་གྱི་ཡུལ་སྡེ་དར་རྒྱས་ལ་ཚོད་འཛིན་བཟོ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཤུགས་རྐྱེན་བཟོ་བའི་ས་གནས་ཀྱི་འགོས་ནད་ཚབས་ཆེན་ཞིག་ཡིན་པས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བྱ་རྒྱུ་དེ་དམངས་འཚོའི་འདུ་འགོད་དང་། བདེ་ཐང་འདུ་འགོད། དམངས་སེམས་འདུ་འགོད་བཅས་གལ་ཆེན་ཞིག་ཏུ་བརྩིས་ནས་ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཙོ་གནད་ལས་དོན་དང་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ལས་གཞི་གལ་ཆེན་དུ་བཅུག་སྟེ། གཅིག་གྱུར་འཆར་འགོད་ཀྱིས་སྐུལ་བ་དང་། ལོ་མང་རིང་རྒྱུན་མཐུད་འགག་སྒྲོལ་བྱས་པར་བརྒྱུད་འགོག་བཅོས་ལས་དོན་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པ་རེད།

( པར་ངོས་གཉིས་པར་གཟིགས།)