སྤྱི་ཟླ9པའི་ཚེས4ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་དབྱང་ཧུང་ཧྲོའུ་ཡིས་ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་གསུམ་པའི་རྒྱུན་ལས་ཚོགས་འདུ་ཐེངས92པ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྦྱངས་དང་ཉེ་དུས་ཀྱི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་གནང་བ་རེད།
ཚོགས་འདུར་སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བའི་སློབ་གསོ་སློབ་སྦྱོང་གི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེ་རུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ནས། སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བའི་འགན་འཁྲི་འཁུར་བ་དང་། རང་འགན་གཙང་སྒྲུབ་བྱེད་པའི་བསམ་བློའི་རྨང་གཞི་བརྟན་དུ་གཏང་དགོས། མ་རྩ་སྲ་བརྟན་དང་རྒྱུན་དུ་དམ་འཛིན། རྒྱུན་དུ་ཡོ་བསྲང་། ཕན་འབྲས་ཐོན་པར་བཅས་བྱ་དགོས་ཞེས་ནན་གསུང་གནང་བ་རེད།
ཚོགས་འདུར་འཚོ་སྐྱོང་དམའ་སྐྱོར་དེ་ཆབ་སྲིད་ཀྱི་འགན་འཁྲི་ཆེ་ཤོས་དང་། དམངས་འཚོའི་འདུ་འགོད་ཆེ་ཤོས། འཕེལ་རྒྱས་ཀྱི་གོ་སྐབས་ཆེ་ཤོས་བཅས་སུ་བརྩི་རྒྱུ་རྒྱུན་འཁྱོངས་ཏེ། དར་རྒྱས་ཞན་པའི་རྫོང་ཁོངས་མཆོང་བརྒལ་འཕེལ་རྒྱས་ཡོང་བར་ཤུགས་ཆེན་བསྐུལ་དགོས། དཔྱད་ཞིབ་དམིགས་ཚད་དང་བསྡུར་ནས་ཧེ་བག་འཚོལ་བ་དང་ཇུས་འདོན་གནད་སྨིན་གྱིས་ཞན་ཆ་གསབ་དགོས། ལེགས་ཆ་འདོན་སྤེལ་གྱིས་ཐོན་ལས་སྐྱེད་སྲིང་བྱས་ཏེ་བློ་བརྟན་འགྱུར་མེད་ངང་རིག་གནས་ཡུལ་སྐོར་དང་། སྦག་མེད་ནུས་ཁུངས། ཁྱད་ལྡན་ཞིང་འབྲོག་ལས་བཅས“དོན་ཆེན་གསུམ”རྒྱ་སྟོབས་ཆེ་རུ་གཏང་དགོས། ཤུགས་ཡོད་རྒུས་འགག་སྒྲོལ་དང་ལས་གཞི་དམ་འཛིན་བྱས་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གང་མགྱོགས་གསབ་དགོས། ལས་ཞུགས་ལ་རོགས་སྐྱོར་བྱས་ནས་འབབ་འཕར་ལ་སྐུལ་བ་དང་ཐག་ཉེ་སར་ལས་ཞུགས་དང་ངལ་ལས་ཕྱིར་གཏོང་དང་གཞན་དུ་སྤོ་བ“ཕྱོགས་གཉིས་དམ་འཛིན”རྒྱུན་འཁྱོངས་ཏེ་མང་ཚོགས་ཀྱི་ཡོང་འབབ་བརྟན་པོར་འཕར་བའི་ཐབས་ལམ་ཤུགས་ཡོད་རྒུས་རྒྱ་ཆེ་རུ་གཏང་དགོས་ཞེས་ནན་གསུང་གནང་བ་རེད།།
( བདེ་སྐྱིད་ཀྱིས་བསྒྱུར།)
