国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






( པར་ངོས་དང་པོར་མཐུད།) ཁུལ་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་སྤར་བ་དང་། སྐོར་ཞིབ་ནི་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་སྤུས་ཚད་མཐོན་པོ་སྲུང་བའི་འགན་ལེན་ནུས་ལྡན་དང་། རང་ངོས་གསར་བརྗེ་མཐར་ཕྱིན་སྤེལ་བའི་འཛིན་གཞི། མི་དམངས་གཙིགས་སུ་འཛིན་པའི་གསོན་ཉམས་ལྡན་པའི་ལག་ལེན་ཡིན་པར་ངོས་འཛིན་ཡང་དག་བྱེད་ཅིང་།“སྲུང་སྐྱོང་གཉིས”ཀྱི་མཐོ་ཚད་དུ་བློ་བརྟན་འགྱུར་མེད་ངང་ལངས་ནས་སྐོར་ཞིབ་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ནན་ཏིག་གཏོང་བ་དང་། ར་ཞིབ་ཕན་འབྲས་དངོས་ལ་བརྟེན་ནས་མང་ཚོགས་ཀྱི་དོ་ཁུར་ལ་ལན་སློག་པ་དང་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་པོར་བཟོ་དགོས་པར་བསྟན།

རེས་སྐོར་འདིའི་སྐོར་ཞིབ་ལས་འགན་སྤུས་ཚད་མཐོན་པོས་ལེགས་པར་བསྒྲུབ་པར་སྐོར་ཞིབ་ལ་ཁ་ཕྱོགས་ཡོད་པ་དང་གཙོ་གནད་ཡོད་པ་བྱ་དགོས་ཤིང་། ཆེད་དོན་སྐོར་ཞིབ་དམ་འཛིན་ཞིབ་ཚགས་དང་། བསྐྱར་ཞིབ་ཞིབ་བཤེར་དམ་འཛིན་ཡག་མོ། སྐོར་ཞིབ་དག་ཐེར་ཡོ་བསྲང་དོན་ཐོག་འཁྱོལ་ཚུལ་ལ“ཕྱིར་མིག་ལྟ་བའི”ལས་དོན་ཏན་ཏིག་སྤེལ་བ། བརྒྱུད་རིམ་ཧྲིལ་པོ་ཧྲིལ་སྐྱོང་ལེགས་འདོམས་ཏན་ཏིག་བྱེད་པ། ཆ་འཕྲིན་བསྡུ་པ་དང་དབྱེ་ཞིབ་བརྡར་ཤ་གཅོད་བྱེད་ཤུགས་ཆེ་རུ་གཏང་དགོས།

ཚོགས་འདུར་ནན་བཤད་བྱས་དོན། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་བསྣན་ཏེ། སྐོར་ཞིབ་ལས་དོན་གྱི་མཉམ་ཤུགས་གོང་བུ་འགྲིལ་བ་བྱ་དགོས། ཁུལ་ཨུ་སྐོར་ཞིབ་གཞུང་དོན་ཁང་གིས་སྣེ་ཁྲིད་དེ་སྤྱི་ཡོངས་དམ་འཛིན་དང་གཅིག་གྱུར་འཆར་འགོད་མཐུན་སྦྱོར་བྱེད་པ་དང་། སྐོར་ཞིབ་ཚོ་ཆུང་ཁག་གིས་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་ཤུགས་གནད་ལ་སྨིན་བ་བརྒྱག་དགོས། སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་མ་སྐུལ་དང་བླངས་ངང་ལྟ་སྐུལ་དང་ལེན་དང་གནས་ཚུལ་ཇི་མ་ཇི་བཞིན་ཞུ་དགོས། རོགས་ལས་སྡེ་ཚན་གྱིས་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བྱས་ནས་སྐོར་ཞིབ་ཟིལ་གནོན་དང་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱས་ཏེ་སྤུས་ཚད་མཐོན་པོས་རེ་སྐོར་འདིའི་ལས་འགན་ཁག་འགྲུབ་པར་བྱ་དགོས།

ཁུལ་འབྲེལ་ཡོད་མགོ་ཁྲིད་དང་། ཁུལ་ཨུའི་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཁོངས་མི། སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་ཨུ་སྐོར་ཞིབ་ལས་ཁུངས་ཀྱི་བློ་མཐུན་ཚང་མ་ཞུགས་ཡོད།།

(ལྷ་འཛོམས་དང་རྒྱ་མཚོས་བསྒྱུར།)