国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་གྲུབ་འབྲས་སྲ་བརྟན་དང་ཆེ་རུ་བཏང་སྟེ། ཤུགས་ཡོད་རྒུས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་ཉེན་མེད་ ཡོང་བར་བསྲུང་དགོས།

( པར་ངོས་དང་པོར་མཐུད།)

ཚོགས་འདུར་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཐུམ་འབུའི་ནད་འགོག་བཅོས་ལས་དོན་གྱི་ཡུན་རིང་རང་བཞིན་དང་། རྙོག་འཛིང་རང་བཞིན། དཀའ་ཚེགས་རང་བཞིན་བཅས་ངོས་འཛིན་གང་ལེགས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་བདེ་ཐང་ལ་འགན་ཆེན་པོ་འཁུར་བ་དང་། དཀར་མཛེས་ཁུལ་འཕེལ་རྒྱས་ལ་འགན་ཆེན་འཁུར་བའི་རྣམ་འགྱུར་ཐོག་ནས་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་ལས་དོན་ཁག་ལ་ཁྱོན་ཡོངས་ནས་དམ་འཛིན་ནན་ཞིབ་བྱས་ཏེ། སྤྱི་པའི་འཕྲོད་བསྟེན་ཉེན་མེད་ཀྱི་འགོག་སྲུང་དྲ་བ་དམ་པོར་བཟོ་དགོས། གཅིག་ནས་འགན་འཁྲི་བརྟན་པོ་འཁུར་བ་དང་འགན་མཉམ་འཛིན་སྤྱི་སྒྲུབ་བྱ་དགོས། གཉིས་ནས་འབྱུང་རྩར་དོ་དམ་ཚོད་འཛིན་བྱས་ནས་སྦྲེལ་ཐག་གཅད་དགོས། གསུམ་ནས་ཇུས་འདོན་གནད་སྨིན་བྱས་ནས་འགག་སྒྲོལ་གཙང་སེལ་བྱ་དགོས། བཞི་ནས་དྲིལ་སྒྲོག་དང་ཁྲིད་སྟོན་བྱས་ནས་འགོག་སྲུང་ར་བ་བསྐྲུན་དགོས། ལྔ་ནས་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁ་འཐོབ་པར་འགན་ལེན་བྱ་དགོས་ཞེས་ནན་པོར་བསྟན་པ་རེད།

ཚོགས་འདུར་ཁུལ་ཡོངས་ཀྱི་ཐུམ་འབུའི་ནད་ཀྱི་གནས་ཚུལ་བརྡ་ཁྱབ་བཏང་བ་དང《དཀར་མཛེས་ཁུལ་གྱིས་ཐུམ་འབུའི་ནད་འགོག་ཟོན་ཕན་འབྲས་སྲ་བརྟན་དང་ཆེ་རུ་གཏོང་བའི་བྱ་ཐབས་བཙན་པོ་བརྒྱད》ལ་འགྲེལ་བཤད་བརྒྱབ་པ་དང་། འབྲེལ་ཡོད་སྡེ་ཚན་དང་རྫོང(གྲོང་ཁྱེར)གིས་ཚོགས་འདུར་གཏམ་བཤད་སྤེལ་རེས་བྱས་པ་རེད།།

( བདེ་སྐྱིད་དང་རྒྱ་མཚོས་བསྒྱུར། )