国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དགེ་རྒན་གྱི་བཀའ་ དྲིན་དྲན་བྱུང་།

ཤེས་རིག་འོད་སྣང་མུན་འཇོམས་དཀར་པོ་ཡིས།།

རྨོངས་པའི་བློ་ཡི་མུན་པ་འཇོམས་པའི་དཔལ།།

དགེ་རྒན་དམ་པ་རྨོངས་སེལ་སྒྲོན་མེ་ཡིན།

བཀའ་དྲིན་གཞལ་དུ་མ་མཆིས་དགེ་རྒན་ལགས།།

ལེགས་ཚོགས་དགེ་མཚན་ལྡན་པའི་མི་ཡི་མཆོག།

བླང་དོར་གནས་ལུགས་སྟོན་པའི་བྱེད་པོ་སྟེ།།

དགེ་རྒན་དམ་པ་མི་ཚེའི་ལམ་སྟོན་ཡིན།།

བཀའ་དྲིན་སྙིང་ནས་དྲན་བྱུང་དགེ་རྒན་ལགས།།

བྱམས་བརྩེའི་ཕྱག་ཟུང་གཉོམ་པོའི་མཛུབ་ཁྲིད་འོག།

བུ་ཕྲུག་གྲངས་མེད་མདུན་ལམ་འོད་སྣང་བསྩལ།།

དགེ་རྒན་དམ་པ་སེམས་ཀྱི་དྲོད་ཁོལ་ཡིན།།

བཀའ་དྲིན་བརྗེད་པ་མི་སྲིད་དགེ་རྒན་ལགས།།

དཀའ་སྡུག་ཁྱད་བསད་འབད་བརྩོན་ལྷོད་མེད་ངང་།།

རིས་མེད་སློབ་བུའི་ཚོགས་ལ་ཤེས་རིག་བསྩལ།།

དགེ་རྒན་དམ་པ་བརྩེ་བའི་ཕ་མ་ཡིན།།

བཀའ་དྲིན་འགྲན་ཟླ་མེད་དོ་དགེ་རྒན་ལགས།།

ཚེ་གང་དཀའ་བས་བསགས་པའི་ཤེས་རིག་ནོར།།

མོས་ལྡན་སྐྱེ་བོའི་ཚོགས་ལ་ཕངས་མེད་གནང་།།

དགེ་རྒན་དམ་པ་སྙིང་གི་ནོར་བུ་ཡིན།།

བཀའ་དྲིན་སྙིང་ནས་དྲན་བྱུང་དགེ་རྒན་ལགས།།

༼ རྡོ་རྗེ་ཐར་ལམ། ༽