ཡང་དག་རྒྱལ་བ་ཀུན་གྱི་ཐུགས་རྒྱུད་རབ་ཕྱུག་རྡོ་རྗེ་ཀུན་བསྟན་ཅིང་།།
གསང་གསུམ་མ་ལུས་འགྲོ་ལ་བརྩེ་བས་སྐྱོང་ཞིང་མགོན་པོ་ཉིད་སྐུ་ཡིས།།
དད་པའི་གཙུག་རྒྱན་ཡིད་དུ་སེམས་ཅན་མཐའ་དག་སྡུག་བསྔལ་སེལ་མཛད་ཀྱི།།
བདེན་པ་རྟོགས་པའི་རང་གཤིས་མཐོང་ཚེ་ངེས་འབྱུང་སྐད་ཅིག་གློ་བུར་སྐྱེས།།
དོན་དམ་བདེན་པའི་རྣམ་གཞག་སྟུག་པོར་མི་ཤུགས་སྲ་བརྟན་འགྱུར་མེད་ངང་།།
ཀུན་རྫོབ་རླབས་ཀྱིས་ཟེགས་མ་མི་མངོན་དབྱིངས་སུ་དཔྱངས་པའི་འཇའ་ཚོན་ཏེ།།
གཞུང་ཆེན་ལྔ་ལ་ཐོས་པའི་གྲུ་གཟིངས་རྒྱ་ཆེར་དོད་པའི་རྟགས་མཚན་པ།།
རླབས་ཆེན་སྐྱེས་བུའི་ཁྱད་ཆོས་ཡོན་ཏན་སྐར་ཚོགས་ཕྲ་རྒྱན་ངོམས་གསལ་བྱས།།
མཁྱེབ་རབ་འོད་ཀྱི་གུར་ཁང་ཆེན་པོའི་ཟླ་བའི་ཞལ་ལྟར་མཛེས་པའི་ཉམས།།
ལྟ་བའི་མཆོག་གྱུར་ཁྱེད་ཀྱི་ཞལ་རས་མཐོང་ཚེ་དགའ་བའི་འགྱུར་ཁུག་བསྟན།།
ཚིག་གི་རྒྱན་ཆ་གཟུགས་སུ་འཆང་བའི་དབྱངས་ཀྱི་རོལ་མོ་ག་ལེར་དཀྲོལ།།
མ་མཐོང་ཡུན་རིང་འགོར་ཡང་མཇལ་བའི་གོ་སྐབས་འཕྲད་ན་དགའ་བ་ལ།།
ཤེས་བྱ་རྟོགས་པའི་དྲི་བསུང་མོད་པོ་བསིལ་ལྡན་ལྗོངས་སུ་གནས་གྱུར་ཏེ།།
རྒྱལ་བའི་གསུང་རབ་དག་ལ་སྦྱང་བརྩོན་ཆེན་པོའི་དཀའ་བ་སྤྱད་དྲགས་པས།།
གསང་བ་སྔགས་ལ་འཇུག་པའི་གོ་རིམ་མ་ལྡོག་སྐུ་མཆོག་ཁྱེད་སྐུ་ལགས།།
མཇལ་བའི་ཚེ་ན་ཟླ་བའི་ཞལ་ལྟར་ཡིད་ཀྱི་མཚོ་མོ་རླབས་ལྟར་འཕྱོ།།
ཉེས་པའི་སྐྱོན་དོར་བླང་བྱ་བགྲང་གིས་མི་ལོངས་དཔག་བསམ་ལྗོན་པ་བཞིན།།
གཙུག་གི་རྒྱན་དུ་བཀུར་བའི་ཟླ་བའི་འོད་ལྟར་མཛེས་པའི་དཔལ་སྡུག་མཁན།།
རྨི་ལམ་བྱེ་བའི་ལུས་པོ་བསྒུལ་ནས་ལྷན་སྐྱེས་ཚིག་གི་བདེན་པའི་ངག །
མཐོང་བའི་ཚེ་ན་མི་ཤེས་མ་རིག་རྨོངས་པ་སེལ་བའི་འོད་སྣང་ཡིན།།
༼ རྒྱ་ཚང་སྨོན་ལམ། ༽
