རྫོང་སྔོན་བློ་བཟང་འཇིགས་མེད། སྨྱུག་མིང་ལ་གངས་རྩེ་སྨྱུག་ཏུ་འབོད། རྨ་ལྷོ་ཁུལ་རྩེ་ཁོག་ཏུ་སྐྱེས།《ལང་ཚོའི་ཟུངས་ཁྲག》《འབྲུ་ཚའི་ཡིག་གཟུགས་བློ་གསལ་གཞོན་ནུ་དགྱེས་པའི་དགའ་སྟོན》གཉིས་པར་སྐྲུན་འགྲེམ་སྤེལ་བྱས།《སྦྲང་ཆར》《གངས་རྒྱན་མེ་ཏོག》《ཟླ་ཟེར》 《དུས་རབས་ཀྱི་གླུ་སྒྲ》སོགས་བོད་འབྲེལ་ས་ཁུལ་གྱི་དུས་དེབ་ཏུ་སྙན་ངག་གང་མང་བཀོད། རྒྱལ་ཡོངས་གངས་རྒྱན་མེ་ཏོག་རྟགས་མ་སྐབས་དང་པོའི་རྩོམ་རིག་བྱ་དགའ་ཐོབ། རྒྱལ་ཡོངས་དང་ཞིང་ཆེན། ཁུལ་རིམ་པའི་ཡིག་གཟུགས་བྱ་དགའ་ཡང་གང་མང་ཐོབ། 《མཚོ་སྔོན་ཞིང་ཆེན་ཡིག་གཟུགས་བརྩམས་ཆོས་ཕྱོགས་བསྒྲིགས་སྐབས་དྲུག་པ》《མཚོ་སྔོན་རེབ་གོང》《རེབ་གོང་སྒྱུ་རྩལ་ཞིབ་འཇུག》《གསེར་མོ་ལྗོངས》《རོང་བོ་དགུ་ཆུ》《སྤང་ལྗོངས》《 ཨར་ཝང་རྒྱལ་ཡོངས་སྐབས་བཞི་པའི་ཡིག་རིས་བྱ་དགའ་ཐོབ་པའི་བརྩམས་ཆོས་འདེམས་བསྒྲིགས》《 མཚོ་སྔོན་བོད་ཡིག་ཚགས་པར》《 གངས་རྒྱན་ན་ཆུང་ཚགས་པར》《 ཁམས་པའི་ཚགས་པར》《རྔ་བའི་གསར་འགྱུར་ཚགས་པར》 《རྨ་ལྷོ་བོད་ཡིག་ཚགས་པར》 ཀྲུང་གོ་བོད་ཀྱི་དྲ་བ། ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ། མཚོ་སྔོན་པོ་དྲ་བ། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར། མཚོ་ལྷོའི་བོད་ཡིག་ཡིག་གཟུགས་འཕྲིན་སྟེགས། ཨ་མདོ་བརྙན་འཕྲིན། ཁམས་པའི་བརྙན་འཕྲིན། རྨ་ལྷོ་བརྙན་འཕྲིན་སོགས་ཀྱི་སྤྱི་སྟེགས་སུ་ཡིག་གཟུགས་བརྩམས་ཆོས་གང་མང་བདམས་བཀོད་བྱས། གཞན་ཡང་བརྩམས་ཆོས་ཁག་ཅིག་ལ་ཉར་ཚགས་འཛིན་ཡིག་ཐོབ། ད་ལྟ་མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་བརྒྱུད་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པའི་ཚོགས་མི་དང་། མཚོ་སྔོན་ཞིང་ཆེན་སྲ་སྨྱུག་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི། རྨ་ལྷོ་ཁུལ་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི། རྫོང་རིམ་པའི་ཡིག་གཟུགས་བརྒྱུད་འཛིན་པ་བཅས་ཡིན།།
