སྤྱི་ཟླ9པའི་ཚེས7ཉིན། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་དུང་དཀར་ལུང་པ་ནས་ཀྲུང་དབྱང་རྩ་འཛུགས་པུའུ་དང་གུང་གཞོན་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ཚན་འབོར26པ་སི་ཁྲོན་དུ་བསྐྱོད་པའི་འབུམ་རམས་པའི་ཞབས་ཞུ་ཚོགས་པར་མཇལ་འཕྲད་གནང་ཞིང་། ཕྱོགས་གཉིས་པོས་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཕྱོགས་བསྡུས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་རམ་འདེགས་བྱ་རྒྱུར་དམིགས་ནས་སྤེལ་རེས་གང་ལེགས་གནང་།
ཀྲའོ་པོ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་འབུམ་རམས་པའི་ཞབས་ཞུ་ཚོགས་པར་དགའ་བསུ་ཞུས་པ་རེད། ཁོང་གིས་ད་ལོ་ནས་བཟུང་ང་ཚོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི“ལས་འགན་ཆེན་པོ་གསུམ”ལ་དམ་པོར་དམིགས་ནས་མྱུར་སྒྲུབ་ལ་བརྩི་མཐོང་དང་དངོས་སྒྲུབ་ལ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག། ཐབས་སྒྲུབ་ལ་མཁས་པ་བཅས་ཀྱི་ལས་ཀའི་ཁྲིད་སྟོན་གསལ་པོར་བཟོས་ནས་དེང་རབས་ཅན་གྱི་ཁྱད་ལྡན་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་དང་སྦག་མེད་ནུས་ཁུངས།( པར་ངོས་གཉིས་པར་གཟིགས།)
