国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབྱང་ཧུང་ཧྲོའུ་ཡིས་སྡེ་རོང་དང་ཕྱག་ཕྲེང་། འདབ་པ་རྫོང་བཅས་སུ་ རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་སྐབས།

ལས་གཞི་འཛུགས་སྐྲུན་གྱིས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ སྣེ་ཁྲིད་དེ་ཀྲུང་གོའི་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་འཛུགས་སྐྲུན་ལ་སྒུལ་ཤུགས་ཆེན་པོ་བསྣན་དགོས་གསུངས།

སྤྱི་ཟླ9པའི་ཚེས7ནས8ཉིན་བར་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་་དབྱང་ཧུང་ཧྲོའུ་ཡིས་ལས་དོན་ཚོ་ཆུང་གི་སྣེ་ཁྲིད་དེ་སྡེ་རོང་རྫོང་དང་ཕྱག་ཕྲེང་རྫོང་། འདབ་པ་རྫོང་བཅས་སུ་ཕེབས་ནས་གཙོ་གནད་ལས་གཞི་འཛུགས་སྐྲུན་དང་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་སོགས་ལས་ཀར་བརྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་ཁྲིད་སྟོན་གནང་བ་རེད།

དབྱང་ཧུང་ཧྲོའུ་ཡིས་སྔ་རྗེས་སུ་ལས་དོན་ཚོ་ཆུང་སྣེ་ཁྲིད་དེ་སྡེ་རོང་རྫོང་གཟི་ཡུལ་གྲོང་རྡལ་གཡུ་མདོ་ཐང་རྒུན་འབྲུམ་ཐོན་ལས་འདེབས་འཛུགས་རྟེན་གཞི་དང་། རྐེད་ཤོད་གྲོང་སྡེའི་ཉི་བླའི་ཆང་ཁང་། ཕྱག་ཕྲེང་རྫོང་གི་ཕྲེང་སྟོད་གྲོང་རྡལ་གྱི་ཀུ་ཤུ་དང་བོད་ཕག་འདེབས་གསོ་འཁོར་རྒྱུག་དེང་རབས་ཞིང་ལས་གླིང་ཁུལ་བཅས་སུ་འདེབས་འཛུགས་གཞི་ཁྱོན་དང་ཐོན་རྫས་ལས་སྣོན། གཉེར་སྐྱོང་ཕྱིར་ཚོང་། ཞིང་འབྲེལ་ཞིང་ཁྲིད་བཅས་ཀྱི་གནས་ཚུལ་ཆ་རྒྱུས་བླངས་པ་རེད། སྡེ་རོང་རྫོང་ཞོལ་ལུང་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱ་ཡུལ་དུ་བཟོ་ཁང་དང་། རགས་ཆེན་འཛུགས་སྐྲུན་དང་དེ་བཞིན་རིག་ནུས་བཀོད་གཏོང་ལྟེ་གནས་ཀྱི་འཁོར་སྐྱོད་གནས་ཚུལ་དང་། ཕྱག་ཕྲེང་རྫོང་དུ་སྲོལ་རྒྱུན་གྲོང་ཚོ་གཅིག་བསྡུས་ཡུག་སྦྲེལ་སྲུང་སྐྱོང་བེད་སྤྱོད་ལས་གཞི་འཛུགས་སྐྲུན་གནས་ཚུལ། དེ་བཞིན་འདབ་པ་རྫོང་ཕན་རོགས་གནའ་ཤུལ་དང་གནམ་དཔྱད་ཚན་རྩལ་ཁང་སོགས་སུ་ལས་གཞི་སྐུལ་འདེད་གཏོང་ཚུལ་དང་སྒྲིག་ཆས་འཁོར་སྐྱོད་སྲུང་སྐྱོང་། ཚན་རིག་ཞིབ་འཇུག་སོགས་ཀྱི་གནས་ཚུལ་བཅས་ལ་རྒྱུས་ལོན་ཞིབ་ཕྲ་བླངས་པ་རེད།

ཁོང་གིས་འཕེལ་རྒྱས་སྤུས་ཚད་མཐོན་པོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཞིང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་ལ་འཁྱོལ་ཏེ“ལས་གཞི་གཙོ་བོ་ཡིན་པའི”འདུ་ཤེས་བརྟན་པོར་བཅངས་ནས་ལས་གཞི་འཛུགས་སྐྲུན་གྱིས་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྣེ་ཁྲིད་དེ་ཀྲུང་གོ་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་འཛུགས་སྐྲུན་ལ་སྒུལ་ཤུགས་ཆེན་པོ་བསྣན་དགོས་ཞེས་ནན་གསུང་གནང་།

རྟོག་ཞིབ་ཁྲོད་དུ་དབྱང་ཧུང་ཧྲོའུ་ད་དུང་སྡེ་རོང་རྫོང་སློབ་འབྲིང་དང་ཕྱག་ཕྲེང་རྫོང་མཐོ་རིམ་སློབ་འབྲིང་དུ་སློབ་གྲྭའི་ཁོར་ཡུག་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གནས་ཚུལ་ལ་ལྟ་བ་དང་སློབ་གྲྭའི་སློབ་གཉེར་གཞི་ཁྱོན་དང་དགེ་རྒན་བཀོད་སྒྲིག་སོགས་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་འབྲེལ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་དགེ་རྒན་དུས་ཆེན་ཐེངས42པར་རྒྱ་ཆེ་བའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དུས་ཆེན་གྱི་བཀྲ་ཤིས་སྨོན་འདུན་ཞུས་པ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)