སྤྱི་ཟླ9པའི་ཚེས9ཉིན་ལ་ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་ཡིས་དར་མདོ་རུ་རྒྱལ་ཁབ་གློག་དྲྭ་སི་ཁྲོན་ཞིང་ཆེན་གློག་ཤུགས་སྤྱི་གཉེར་ཁང་རྐང་དཔོན་དང་ཏང་ཨུའི་ཧྲུའུ་ཅི་དབྱི་ལི་ཏུང་དང་མཇལ་འཛོམས་གནང་ནས་ཕྱོགས་གཉིས་པོས་ས་གནས་དང་ཁེ་ལས་མཉམ་ལས་དངོས་སྒྲུབ་བྱ་རྒྱུའི་ཐད་སྤེལ་རེས་གནང་བ་རེད། ཀྲའོ་པོ་དང་དབྱང་ཧུང་ཧྲོའུ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་དབྱི་ལི་ཏུང་དང་བཅས་པ་ལ་དགའ་བསུ་ཞུས་པ་དང་། རྒྱལ་ཁབ་གློག་དྲྭ་སི་ཁྲོན་ཞིང་ཆེན་གློག་ཤུགས་སྤྱི་གཉེར་ཁང་གིས་དུས་ཡུན་རིང་པོར་དཀར་མཛེས་ཁུལ་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས་པ་རེད།
ཀྲའོ་པོ་ཡིས་ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གློག་དྲྭ་སི་ཁྲོན་ཞིང་ཆེན་གློག་ཤུགས་སྤྱི་གཉེར་ཁང་དང་དཀར་མཛེས་ཁུལ་བར་ལག་གདང་སྦྲེལ་ནས་ཕྱོགས་གཅིག་ཏུ་ཤུགས་བསྣན་ཏེ་འཐབ་ཇུས་མཉམ་ལས་ཀྱི་འབྲེལ་བ་དམ་ཟབ་བཙུགས་ཡོད། ད་སྔར་ང་ཚོས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དཀར་མཛེས་ཁུལ་ལ་སྤྲད་པའི“ལས་འགན་ཆེན་པོ་གསུམ”ལ་དམ་པོར་དམིགས་ནས་བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་བརྒལ་བྱས་ཏེ་སྦག་མེད་ནུས་ཁུངས་ཐོན་ལས་སྤུས་ཚད་མཐོ་རུ་གཏང་རྒྱུ་དང་རབས་རིམ་འཕེལ་རྒྱས་ལ་ཤུགས་ཡོད་རྒུས་སྐུལ་བཞིན་ཡོད། རྒྱལ་ཁབ་གློག་དྲྭ་སི་ཁྲོན་ཞིང་ཆེན་གློག་ཤུགས་སྤྱི་གཉེར་ཁང་གིས་མུ་མཐུད་མཉམ་སྐྲུན་མཉམ་སྤྱོད་དང་གཉིས་ཕན་གཉིས་ཁེ་ཡོང་བའི་འདུ་ཤེས་རྒྱུན་འཁྱོངས་ཏེ་གློག་དྲྭ་གསར་པ་འཛུགས་སྐྲུན་དང་། ཆུ་རླུང་འོད་གཞི་གཅིག་ཅན་གསར་སྤེལ། རྩིས་གློག་མཉམ་འདྲེས་སོགས་ཀྱི་ཐད་མུ་མཐུད་མཉམ་ལས་ཡག་པོ་བྱས་ནས་དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་ལ་འདེགས་སྐྱོར་ནུས་ལྡན་བྱ་དགོས་ཞེས་གསུངས།
དབྱི་ལི་ཏུང་གིས་དཀར་མཛེས་ཁུལ་ནི་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་ནུས་ཁུངས་གཙང་མའི་རྟེན་གཞི་གལ་ཆེན་ཞིག་ཡིན་ལ་རྒྱལ་ཁབ་གློག་དྲྭ་སི་ཁྲོན་ཞིང་ཆེན་གློག་ཤུགས་སྤྱི་གཉེར་ཁང་གི་འཐབ་ཇུས་བཀོད་སྒྲིག་ཁྲོད་ཀྱི་ས་ཁོངས་གཙོ་བོ་ཞིག་ཀྱང་ཡིན་པས་སྤྱི་གཉེར་ཁང་གིས་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ཁྲོད་དུ་ཧུར་ཐག་ཞུགས་ནས་གློག་དྲྭ་མ་འཇོག་འཆར་འགོད་འཛུགས་སྐྲུན་ལ་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ་ནུས་ཁུངས་གཙང་མའི་གསར་སྤེལ་འགན་ལེན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉེན་མེད་ཐོན་སྐྱེད་ལས་དོན་དམ་འཛིན་ཡག་པོ་བྱས་ནས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་བ་དང་ས་གནས་དང་ཁེ་ལས་མཉམ་ལས་གཉིས་ཕན་གྱི་དཔེ་མཚོན་གསར་པ་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།
ཁུལ་མགོ་ཁྲིད་ལིའུ་ཅིན་ཀྲའོ་དང་སུང་ཞའོ་ཅུན། རྒྱལ་ཁབ་གློག་དྲྭ་སི་ཁྲོན་ཞིང་ཆེན་གློག་ཤུགས་སྤྱི་གཉེར་ཁང་གི་སྤྱི་ཁྱབ་བཟོ་བཀོད་པ་ཧུའུ་ཀྲའོ་ཧྭ། ཕྱོགས་གཉིས་པོའི་འབྲེལ་ཡོད་སྡེ་ཚན(ཚན་པ)གྱི་འགན་འཁུར་བློ་མཐུན་སོགས་ཁག་བགོས་ནས་ཞུགས་ཡོད་པ་རེད།།
( ལྷ་འཛོམས་ཀྱིས་བསྒྱུར།)
