国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལས་འགོ་འཛུགས་ཉེར་ཡོད་པའི་གཙོ་གནད་ལས་གྲྭར་མ་དངུལ་ བསྡོམས་འབོར་སྒོར་དུང་ཕྱུར6.33གཏང་རྒྱུ།

ཉིན་ཤས་གོང་། གསར་འགོད་པས་ཁུལ་འཛུགས་སྐྲུན་མ་འཇོག་ཚོགས་པ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཚོགས་པ་དེས་འཛུགས་སྐྲུན་དོ་དམ་གྱི་འགན་ཁུར་བའིS227དཀར་མཛེས་རྫོང་རྫ་ཁོག་ཡུལ་ཤོག(སྡེ་དགེ་ས་མཚམས)ནས་གསེར་མཁར་ཡུལ་ཤོག་བར་གྱི་གཞུང་ལམ་བསྐྱར་སྐྲུན་ལས་གྲྭ་དང་། དར་མདོ་མེ་འཁོར་འབབ་ཚུགས་ཤར་བགྲོད་གཞུང་ལམ་གྱི་ལེ་ལག་ཚང་བའི་ལས་གྲྭ། ལྕགས་ཟམ་མེ་འཁོར་འབབ་ཚུགས་ཤར་བགྲོད་གཞུང་ལམ་གྱི་ལེ་ལག་ཚང་བའི་ལས་གྲྭ་བཅས་གཙོ་གནད་ལས་གྲྭ་ཆེན་པོ་གསུམ་ཨར་ལས་སྤྱིའི་འགན་གཙང་ལེན་གན་རྒྱའི་གྲོས་མོལ་བདེ་བླག་ངང་གྲུབ་ཟིན་པ་དང་། ད་སྔར་ཚ་ཚ་འུར་འུར་ནས་ཨར་ལས་ལ་ཞུགས་རྒྱུའི་གྲ་སྒྲིག་ལས་དོན་སྤེལ་བཞིན་ཡོད། དེའི་ཐོག་ནས་ལས་གྲྭ་ཁྱོན་ཡོངས་ནས་ལས་འགོ་འཛུགས་པ་མཚོན་ཐུབ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ལས་གྲྭ་གསུམ་གྱི་རགས་རྩིས་ལ་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར6.33གཏང་དགོས་པ་དང་། ལམ་ཐིག་གི་སྤྱིའི་རིང་ཚད་ལ་སྤྱི་ལེ70.42ཡོད་པ་རེད། ཟམ་པ12གསར་དུ་བསྐྲུན་རྒྱུ་དང་སྤྱིའི་རིང་ཚད་ལ་སྨི1378.8ཙམ་ཡོད་པ་དང་། རྐ་དུང144གསར་སྐྲུན་བྱ་རྒྱུ་ཡིན་ཞིང་སྤྱིའི་རིང་ཚད་ལ་སྨི920.82ཡོད་པ་རེད། ལས་གྲྭར་གཞུང་ལམ་བསྐྱར་སྐྲུན་དང་ལྕགས་ལམ་ས་ཚུགས་ཀྱི་ལེ་ལག་ཚང་བའི་གཞུང་ལམ་འཛུགས་སྐྲུན་ཚུད་ཡོད་པས་གནས་མང་ལ་ཁྱབ་རྒྱ་ཆེ་བ་དང་ལས་འགན་དཀའ་ཚེགས་ཆེན་པོ་ཡིན་པ་རེད།

ཁུལ་འཛུགས་སྐྲུན་མ་འཇོག་ཚོགས་པའི་འབྲེལ་ཡོད་འགན་འཁུར་བས་ལས་གྲྭ་དེ་དག་ལག་ལེན་བསྟར་པ་ལས་ས་ཁོངས་ཀྱི་གཞུང་ལམ་དྲ་བའི་བདེར་བགྲོད་ཆ་རྐྱེན་ལེགས་སུ་ནུས་ལྡན་འགྲོ་རྒྱུ་དང་། དཀར་མཛེས་རྫོང་དང་སྡེ་དགེ་རྫོང་བར་ཕན་ཚུན་སྦྲེལ་མཐུད་ཀྱི་བགྲོད་ལམ་བདེར་བགྲོད་ཐུབ་ཅིང་། S434དངG318སོགས་མ་ལམ་འབྲེལ་མཐུད་དང་ལྕགས་ལམ་ས་ཚུགས་སྦྲེལ་ཐུབ་ནས། མང་ཚོགས་མེ་འཁོར་ནས་འགྲོ་འོང་བྱེད་མི་ཐུབ་པའི་གནད་དོན་ཐག་གཅོད་ཐུབ་པ་རེད་ཅེས་བཤད་པ་རེད།། ( བདེ་སྐྱིད་ཀྱིས་བསྒྱུར།)