2026ལོའི་གཙོ་གནད་ལས་གཞིར་སྐུལ་བ་དང་གཙོ་གནད་ཐོན་ལས་ཀྱི“ལས་ཡུལ་དང་པོར་འགག་སྒྲོལ”བྱེད་སྒོའི་བཀོད་སྒྲིག་གཞིར་བཟུང་། སྤྱི་ཟླ9པའི་ཚེས7ནས9ཉིན་བར་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཚན་ཁག་གི་ཧྲུའུ་ཅི། ཀྲུའུ་རེན་ཧྲུའུ་ཏ་ཁྲུན་གྱིས་ལས་སྒྲུབ་ཚོ་ཆུང་སྣེ་ཁྲིད་དེ་ཉག་རོང་རྫོང་དང་དཔལ་ཡུལ་རྫོང་དུ་གཙོ་གནད་ལས་གཞིར་སྐུལ་ཚུལ་ལ་ཡུལ་དངོས་སུ་ལྟ་སྐུལ་མཛུབ་ཁྲིད་གནང་བར་མ་ཟད། ཡུལ་དངོས་སུ་གཞུང་སྒྲུབ་མཐུན་སྦྱོར་གྱིས་ལས་གཞིར་འཕྲད་པའི་དཀའ་གནད་དང་འགག་གནད་ཐག་བཅད་པ་རེད། ཁོང་གིས་གཙོ་གནད་ལས་གཞི་འཛུགས་སྐྲུན་བྱ་རྒྱུ་དེ་ཁུལ་ཡོངས་ཀྱི་ལོ་འཁོར་འཕེལ་རྒྱས་དམིགས་འབེན་ལེགས་པར་འགྲུབ་པ་དང་འབྲེལ་བ་ཡོད་ཅིང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་འབྲེལ་བ་ཡོད་ལ། རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་དང་ཡང་འབྲེལ་བ་ཡོད་པས། ངེས་པར་དུ་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་ནས་དམ་འཛིན་བྱ་དགོས།རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྤར་བ་དང་། བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ།( པར་ངོས་གཉིས་པར་གཟིགས།)
