国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






( པར་ངོས་དང་པོར་མཐུད།)ཁྱད་ཆོས་ཞིང་འབྲོག་སོགས་ཐོན་ལས་འཕེལ་རྒྱས་ཁྱབ་ཁོངས་སུ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།མིག་སྔར་རང་ཁུལ་བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་བརྒལ་གྱི་དུས་མཚམས་གལ་ཆེན་དུ་གནས་ཡོད་པས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོར་བསྐུལ་བར་བྱང་ཚད་མཐོ་བ་དང་ཆེད་ལས་ཅན་གྱི་ཤེས་ལྡན་མི་སྣ་འབོར་ཆེན་གྱི་འདེགས་སྐྱོར་དགོས་གལ་ཆེ། ད་ཐེངས་འབུམ་རམས་པའི་ཞབས་ཞུ་ཚོགས་པ་དཀར་མཛེས་ཁུལ་དུ་རྟོག་ཞིབ་ཏུ་ཡོང་ནས་དཀར་མཛེས་ཁུལ་གྱི་མ་འོངས་འཕེལ་རྒྱས་ཀྱི་དགོས་མཁོར་གཞི་ཚུགས་པ་དང་ཆེད་ལས་ཀྱི་ནུས་པ་འདོན་པ། ལྟ་བ་ཡང་དག་མང་ཙམ་འདོན་པ། དངོས་སྒྲུབ་ཐབས་ཇུས་མང་ཙམ་བཏོན་ནས་དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་གྱི་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་རམ་འདེགས་བྱ་དགོས། ང་ཚོས་ཞབས་ཞུའི་འགན་ལེན་ཡག་པོ་བསྒྲུབས་ནས་འབུམ་རམས་པའི་ཞབས་ཞུ་ཚོགས་པས་ལས་དོན་སྤེལ་རྒྱུར་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས།

འབུམ་རམས་པའི་ཞབས་ཞུ་ཚོགས་པས་དཀར་མཛེས་ཁུལ་གྱི་སྐྱེ་ཁམས་ཐོན་ཁུངས་ཁྱད་ཆོས་བླ་ལྷག་ལྡན་པ་དང་། རིག་གནས་ཀྱི་རྨང་གཞི་གཏིང་ཟབ་པ། འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེན་པོ་བཅས་ཡོད་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་སོགས་ཀྱི་ཐད་ཐོབ་པའི་གྲུབ་འབྲས་ཀྱིས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད། འབུམ་རམས་པའི་ཞབས་ཞུ་ཚོགས་པས་ད་ཐེངས་ཀྱི་གོ་སྐབས་ལ་གཅེས་སྤྲས་བྱས་ནས་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ཉམས་མྱོང་སློབ་སྦྱོང་དང་དབྱེ་ཞིབ་ནན་ཏན་བྱས་ཏེ་བརྟག་ཞིབ་ལས་འགན་སྤུས་ཚད་མཐོན་པོའི་སྒོ་ནས་ལེགས་འགྲུབ་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད། དེ་དང་ཆབས་ཅིག་རང་ངོས་ཀྱི་ཆེད་ལས་ཁྱད་ཆོས་དང་ཐབས་ལམ་ཐོན་ཁུངས་སྤྱད་དེ་རིག་སྟོབས་དང་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་ཐབས་འདོན་ཇུས་འདོན་ཧུར་ཐག་བྱས་ཏེ་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་སྤུས་ཚད་མཐོན་པོའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུར་སྐུལ་འདེད་གཏང་རྒྱུ་རེད།

ཁུལ་མགོ་ཁྲིད་ཝང་ཞིན་ཆོན་དང་། ཡོན་ཀང་། དབྱང་ཧུའེ་ཆིང་བཅས་མཇལ་འཕྲད་དུ་ཞུགས་པ་རེད།།

( བདེ་སྐྱིད་དང་ཀུན་དགས་བསྒྱུར།)