国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྲུའུ་ཏ་ཁྲུན་གྱིས་ཉག་རོང་རྫོང་དང་དཔལ་ཡུལ་རྫོང་དུ་གཙོ་གནད་ལས་གཞི་སྤེལ་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་རྟོག་ཞིབ་གནང་།

( པར་ངོས་དང་པོར་མཐུད།)ཁུལ་དང་རྫོང་གིས་མཉམ་སྒྲུབ་འགག་སྒྲོལ་བྱ་རྒྱུ་རྒྱུན་འཁྱོངས་ཏེ་འགག་སྒྲོལ་ལས་རྒྱལ་ཁ་ཕུ་ཐག་ཆོད་པ་ཐོབ་ནས་དམིགས་འབེན་ལས་འགན་དུས་ཐོག་ཏུ་ཕུན་སུམ་ཚོགས་པོའི་ངང་འགྲུབ་པར་འགན་ལེན་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

ཧྲུའུ་ཏ་ཁྲུན་གྱིས་རྟོག་ཞིབ་གནང་སྐབས་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱིས་གཅིག་གྱུར་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མ་དངུལ་གཏོང་སྤྲོད་དང་སྲིད་ཇུས་སྦྲེལ་མཐུད་ཐད་དགོས་མཁོ་དངོས་གནད་ལ་འཁེལ་བའི་ངང་སྙོམས་སྒྲིག་བྱས་ཏེ། འགག་གནད་ཏན་ཏིག་བཤངས་ནས་ལས་གཞི་ཤུགས་ཆེན་བསྐུལ་རྒྱུར་འགན་ལེན་བྱ་དགོས། ས་གནས་ཏང་ཨུ་དང་སྲིད་གཞུང་གིས་གྲུབ་རྐྱེན་གཙོ་བོའི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ཉེན་མེད་ཐོན་སྐྱེད་ཀྱི་དམར་ཐིག་ནན་པོ་སྲུང་བའི་སྔོན་འགྲོའི་ཆ་རྐྱེན་འོག། ཨར་ལས་ལ་བརྒྱུད་རིམ་ཧྲིལ་པོ་དང་འགོག་རྐྱེན་མེད་པའི་ཕྱི་རོལ་གྱི་ཁོར་ཡུག་མཁོ་འདོན་བྱས་ཏེ་ཤུགས་ཡོད་རྒུས་ལས་གཞིའི་མྱུར་ཚད་རྗེས་སྙེག་དང་། ལས་གཞིའི་སྤུས་ཚད་འགན་ལེན་མཐའ་གཅིག་ཏུ་བྱས་ནས་ལོ་འཁོར་གྱི་དམིགས་འབེན་ལས་འགན་ཕུན་སུམ་ཚོགས་པོའི་ངང་འགྲུབ་ཐུབ་པར་འགན་ལེན་བྱ་དགོས། ཨར་ལས་ཕྱོགས་ཀྱིས་ཨར་ལས་རྩ་འཛུགས་ཀྱི་ཇུས་གཞི་ཞིབ་ཚགས་གཏོང་བ་དང་། དུས་མཚམས་རང་བཞིན་གྱི་མཚམས་ཚིགས་དམིགས་འབེན་ཁ་གསལ་བཟོས་ཏེ་ཉེན་མེད་ཀྱི་རྨང་གཞིའི་ཐོག་ཚན་རིག་དང་མཐུན་པའི་ངང་སྟོབས་ཤུགས་བཀོད་སྒྲིག་དང་། གནོན་ཤུགས་ཆེན་པོས་བསྐུལ་ནས་ལས་གཞི་དུས་བཀག་ལྟར་སྤུས་ཚད་མཐོན་པོས་རྩིས་སྤྲོད་ཐུབ་པར་འགན་ལེན་བྱ་དགོས་ཞེས་གསུངས་པ་རེད།།

( བདེ་སྐྱིད་དང་ཀུན་དགས་བསྒྱུར།)