ད་ལོ་ནས་བཟུང་། ཁུལ་ནོར་སྲིད་ཅུས་ཀྱིས“དམངས་འཚོར་ཕན་པ་དང་། འཕེལ་རྒྱས་ལ་སྐུལ་བ། ཕན་འབྲས་ཆེ་རུ་གཏོང་བ”བཅས་ལ་དམིགས་ནས་གཙོ་གནད་ཁྱབ་ཁོངས་ལ་ཕྱོགས་པ་དང་འགག་རྩ་ཐུག་ས་ལ་དམ་འཛིན་ནན་པོ་བྱས་ཏེ་ནོར་སྲིད་གཏོང་སྒོའི་འགན་ལེན་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་བ་རེད།
ལས་གཞི་དོན་ཐོག་ཏུ་འཁྱོལ་བར་དམིགས་ཏེ། ཆེད་དོན་བུན་འཛིན་གྱིས་གཙོ་གནད་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིག་གནས་ཡུལ་སྐོར་གྱི་འབྲེལ་ཡོད་ཆེད་དོན་བུན་འཛིན་རྣམ་གྲངས་གསོག་འཇོག་དང་རེ་ཞུ་ཧུར་ཐག་བྱས་ཏེ་མིག་སྔར་ལས་གཞི6ལ་ཞིང་ཆེན་རིམ་པའི་མཉམ་འབྲེལ་དཔྱད་བསྡུར་ཞིབ་བཤེར་ཐོབ་ནས་ཆེད་དོན་མ་དངུལ་སྒོར་དུང་ཕྱུར2.9འབྱོར་ཡོད། “མ་དངུལ་ལས་གཞི་ཐད་འགྲོ་སོང་གཏོང་བ”མཐའ་འཁྱོངས་ནས་དར་མདོ་གདན་ཐོག་རི་བོའི་ཡུལ་སྐོར་རྨང་གཞིའི་མཁོ་སྒྲིག་འཛུགས་སྐྲུན་དང་དུང་དཀར་ལུང་པའི་ལྗོངས་ཁུལ་འཛུགས་སྐྲུན་སོགས་ལས་གཞི་གཙོ་བོར་རྒྱབ་སྐྱོར་གནད་སྨིན་བྱས་ཏེ། ཡུལ་སྐོར་ལས་རིགས་ཀྱི་སྤྱི་པའི་ཞབས་ཞུའི་ཞན་ཆ་བསྐང་ཐུབ་པ་བྱུང་ཡོད།
དམངས་འཚོའི་བདེ་སྐྱིད་ལ་དམིགས་ཏེ། དམངས་ཕན་འགྲོ་སོང་བསྡུར་ཚད་བརྒྱ་ཆ65ཡན་བརྟན་པོར་བཟུང་བས། “དམངས་ཕན་འགན་ལེན”གྱི་ཁ་གསབ་མ་དངུལ་སྒོར་ཁྲི730བཀོད་སྒྲིག་བྱས་པ་དང་། ལས་ཞུགས་ཁ་གསབ་ཐད་མ་དངུལ་སྒོར་དུང་ཕྱུར1.49དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་ཁ་གསབ་མ་དངུལ་སྒོར་ཁྲི56517.46དང་། ངལ་རྩོལ་ནུས་པ་མེད་པའི་མི་སྣར་དམིགས་བསལ་འཚོ་བའི་ཁ་གསབ་མ་དངུལ་སྒོར་ཁྲི260.97བཅས་བཏང་ནས་དམངས་ཕན་འགན་ལེན་གྱི་དྲ་བ་སྔར་བས་སྲ་བརྟན་དུ་བཏང་ཡོད།
ཚན་རྩལ་གསར་གཏོད་ཀྱིས་ནུས་པ་ཐོབ་པར་དམིགས་ཏེ། ནོར་སྲིད་མ་དངུལ་དེ་ཚན་རྩལ་གསར་གཏོད་ཀྱི་ཁྱབ་ཁོངས་སུ་འགྲོ་སོང་ཆེན་པོ་གཏོང་བར་རྒྱུན་འཁྱོངས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏང་ཡོད། ཞིང་ཆེན་རིམ་པའི་ཚན་རྩལ་ལས་གཞིའི་ཆེད་དོན་མ་དངུལ་སྒོར་ཁྲི720དང་། ཞིང་ཆེན་རིམ་པའི་ཚན་རྩལ་འཆར་གཞིའི་ཆེད་དོན་མ་དངུལ་སྒོར་ཁྲི680འབྱོར་བ་དང་། ཁུལ་རིམ་པ་པའི་ཚན་རྩལ་ལས་གཞིའི་ཆེད་དོན་མ་དངུལ་སྒོར་ཁྲི500སྤྲད་ཚར་ཡོད།།
( སྐལ་བཟང་རྒྱ་མཚོས་བསྒྱུར།)
