国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀན་སུའུ་ཞིང་ཆེན་ཅོ་ནེ་རྫོང་གི་ནགས་རྣ་ཡིས་ཐོན་ལས་ཆེན་པོ་བསྐྲུན།

14529_04B_20260914ནགས་རྣ་འདེབས་འཛུགས་རྟེན་གཞི།

14523_04B_20260914སྐྱེ་ཁམས་ཞིང་ལས་སྤྱི་གཉེར་ཁང་དུ་ལས་སྒྲུབ་མི་སྣས་འགྲེམ་སྟོན་ཁང་དུ་ནགས་རྣ་ཐོན་རྫས་གཤོམ་བཞིན་པ།

14527_04B_20260914ནགས་རྣ་རྟེན་གཞིའི་དྲོད་ཁང་ཆེན་མོར་ལས་སྒྲུབ་མི་སྣས་ཐད་གཏོང་བྱས་ནས་ནགས་རྣ་འཚོང་བཞིན་པ།

14525_04B_20260914ནགས་རྣ་རྟེན་གཞིའི་དྲོད་ཁང་ཆེན་མོར་ལས་སྒྲུབ་མི་སྣས་ནགས་རྣ་འཐུ་བཞིན་པ།

ཉེ་བའི་ལོ་ཤས་རིང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་གིས་གནས་ཡུལ་གྱི་ལེགས་ཆ་དང་ཞིང་ལས་ཐོན་སྐྱེད་ཀྱི་ཆ་རྐྱེན་ལ་གཞི་བཙུགས་ཏེ། ནགས་རྣ་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་སྟེ། ཞིབ་འཇུག་གསར་སྤེལ་དང་འདེབས་འཛུགས། ཐོན་སྐྱེད། ལས་སྣོན། ཕྱིར་འཚོང་བཅས་གཞི་གཅིག་ཏུ་འདུས་པའི་ནགས་རྣ་ཐོན་ལས་འབྲེལ་ཐག་ཧྲིལ་པོ་རིམ་བཞིན་བསྐྲུན་པ་རེད། ད་ལོ་ནས་བཟུང་ས་གནས་དེ་གས་ནགས་རྣ་མུའུ་ཁྲི1འདེབས་གསོ་བྱས་པ་དང་། སྔོན་དཔག་བྱས་ན་ལོ་རེའི་ཐོན་ཚད་ཏུན3300ལ་ཟིན་ཞིང་། ལས་ཞུགས་ལས་གནས4000ལྷག་མཁོ་སྤྲོད་བྱས་ནས་ཞིང་འབྲོག་དུད་ཚང6000ལྷག་གི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས་པ་རེད།།( བདེ་ཆེན་གྱིས་བསྒྱུར།)