国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་སྲིད་གཞུང་ཏང་ཚན་ཁག་གིས2026ལོའི་ གྲོས་ཚོགས་ཐེངས10པ་འཚོགས།

ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན། ཏང་ཚན་ཁག་གི་ཧྲུའུ་ཅི་དབྱང་ཧུང་ཧྲོའུ་ཡིས་ཁུལ་སྲིད་གཞུང་ཏང་ཚན་ཁག་གི2026ལོའི་གྲོས་ཚོགས་ཐེངས10པ་གཙོ་སྐྱོང་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྦྱངས་དང་། ཁུལ་སྲིད་གཞུང་ཏང་ཚན་ཁག་གི་སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོར་ཕྱོགས་སྡོམ་བྱས་ཏེ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེ་རུ་གཏོང་བའི་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུར་བསྟན་དོན། སློབ་སྦྱོང་སློབ་གསོ་སྤེལ་ཚུན་ཁུལ་སྲིད་གཞུང་ཏང་ཚན་ཁག་གིས་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལ་ནན་པོར་གཞིགས་པ་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ལས་ཀའི་བླང་བྱ་ལག་ལེན་མཐར་ཕྱིན་བསྟར་ནས“ཏང་འཛུགས་པ་སྤྱི་ལ་ཕན་ཆེད་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པས་ཐབས་ཇུས་འགོད་པ། དམ་པ་དོན་གཉེར”བཅས་ཀྱི་སྤྱིའི་བླང་བྱ་ལྟར། སློབ་སྦྱོང་སློབ་གསོ་དང“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་ཟུང་དུ་སྦྲེལ་བ་རྒྱུན་འཁྱོངས་དང་། སྦྱོང་བཤེར་བསྲང་གསུམ་གཞི་གཅིག་ཏུ་བསྐུལ་བས་སློབ་སྦྱོང་དང་སློབ་གསོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

ཚོགས་འདུར་བསྟན་དོན། སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་འཆང་བ་དང་ལག་ལེན་བསྟར་རྒྱུ་ནི་དུས་མཚམས་རང་བཞིན་གྱི་ལས་འགན་ཞིག་མིན་པར། ངེས་པར་དུ་ཡུན་རིང་ལག་ལེན་བསྟར་དགོས་པའི་ཆབ་སྲིད་ཀྱི་བླང་བྱ་ཞིག་ཡིན་པས། “སློབ་སྦྱོང”ཐད་སླར་ཡང་གཏིང་ཇེ་ཟབ་ཏུ་གཏང་དགོས་པ་དང་། “ཡོ་བསྲང”ཐད་ཡང་བསྐྱར་གནད་དོན་བརྟོལ་དགོས། “དོ་དམ”ཐད་སླར་ཡང་ནན་པོ་བྱ་དགོས། “དངོས་སྒྲུབ”ཐད་སླར་ཡང་ཤུགས་བརྒྱག་དགོས། སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དེ་འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་སྲུང་སྐྱོང་ཆུ་ཚད་མཐོན་པོ། བཅོས་སྐྱོང་ཕན་ནུས་ཆེ་བ་བཅས་ལ་སྐུལ་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་རྒྱུན་འཁྱོངས་ཏེ། རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་དང་། སྦག་མེད་ནུས་ཁུངས་མཁོ་སྤྲོད་བྱེད་ས་གལ་ཆེན། དེང་རབས་མཐོ་སྒང་གི་ཁྱད་ཆོས་ཞིང་འབྲོག་ལས་རྟེན་གཞི་བཅས་ཤུགས་ཡོད་རྒུས་བསྐྲུན་ཏེ།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པར་འགན་ལེན་ཏན་ཏིག་བྱ་དགོས།

ཚོགས་འདུར་ད་དུང《ཏང་སྲིད་མགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་གཏོང་བའི་འགན་འཁྲི་བདའ་འདེད་གཏོང་ཐབས》སློབ་སྦྱོང་བྱས་པ་རེད། ཚོགས་འདུར་ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་དང་ལྷག་པར་དུ་མགོ་ཁྲིད་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་དབང་ཆ་ཡོད་ན་འགན་འཁྲི་ཡོད་པ་དང་། འགན་འཁྲི་ཡོད་ན་འགན་འཁུར་དགོས་པ། འགན་འཛོལ་བྱུང་ན་ངེས་པར་བདའ་འདེད་གཏང་དགོས་པའི་རྟོགས་སད་མཐའ་གཅིག་ཏུ་བསྲུངས་ཏེ། 《བྱེད་ཐབས》ལག་ལེན་མཐར་ཕྱིན་བསྟར་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ་སྦག་མེད་འཕེལ་རྒྱས་རྒྱུན་འཁྱོངས་དང་། ལྟ་སྐུལ་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གནད་དོན་དག་ལེར་ལ་དམ་འཛིན་ཏན་ཏིག་བཅས་བྱས་ཏེ། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་དུ་གཏང་དགོས་ཞེས་ནན་པོར་བསྟན་པ་རེད།།( བདེ་སྐྱིད་ཀྱིས་བསྒྱུར།)