ཉེ་ཆར། གསར་འགོད་པས་དཀར་མཛེས་ཁུལ་མི་རིགས་ཆོས་ལུགས་ཨུ་ལྷན་ནས་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་ཤས་རིང་ལ། དཀར་མཛེས་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་བྱས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་དམ་པོར་འཆང་བ་དེ་ལས་དོན་ཁག་ལ་སྤྱི་འདོམས་བྱེད་པའི་གཙོ་ཕྱོགས་སུ་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་དམ་པོར་འཆང་བ་དང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དང་དགོན་པར་སྤེལ་བའི་ལག་ལེན་བྱ་སྤྱོད་རྒྱུན་མཐུད་དེ་སྤེལ་བ་རེད། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་སྐྱོང་བ་དེ་ཁྱིམ་ཚང་གི་ནམ་རྒྱུན་འཚོ་བའི་ཁྲོད་དུ་འདྲེས་པ་དང་། དགོན་པའི་ཚད་ལྡན་དོ་དམ་གྱི་ཁྲོད་དུ་འདྲེས་པ། གཅིག་འདྲེས་གཅིག་ཞུགས་ཅན་གྱི་འཕེལ་རྒྱས་ཁྲོད་དུ་འདྲེས་པ། རིག་གནས་ཡུལ་སྐོར་མཉམ་འདྲེས་ཐོན་ལས་ཁྲོད་དུ་འདྲེས་པ་བཅས་བྱས་ཏེ། ཁྱིམ་ཚང་ཚང་མ་གཉེན་ཉེ་ལ་བརྩི་བ་དང་། དགོན་པ་ཚང་མ་སེམས་པ་གཅིག་མཐུན། མི་ཚང་མ་མཉམ་འདྲེས་ལ་ཕྱོགས་པ་བཅས་ཀྱི་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་གསར་པ་བཏོད་དེ། མཐུན་སྒྲིལ་དང་འབྱོར་ཕྱུག། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་པར་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བ་རེད།
མཐུན་འབྲེལ་ཞབས་ཞུ་བྱེད་ཤུགས་ཆེ་རུ་བཏང་ནས་མི་རིགས་མཐུན་སྒྲིལ་འབྲེལ་ཐག་གིས་ཕན་ཚུན་སྦྲེལ་དུ་བཅུག།
མཐུན་འབྲེལ་ལམ་སྲོལ་བཙུགས་ནས་འཐུས་ཚང་དུ་བཏང་། 《དཀར་མཛེས་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་དམ་པོར་འཆང་བ་དང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དང་དགོན་པར་སྤེལ་བའི་ལག་ལེན་བྱ་སྤྱོད་ཇུས་གཞི》བཟོས་ནས་བཀྲམ་པ་དང་། མཐུན་འབྲེལ་བྱེད་སྒོ་མ་ཁེབས་ས་མེད་པ་བྱས་ཏེ། ཆོས་ལུགས་ཞི་མཐུན་དང་མི་རིགས་མཐུན་འགྲིག། སྤྱི་ཚོགས་འཆམ་མཐུན་ཡོང་བའི་རྣམ་པ་བཟང་པོ་སྲུང་འཛིན་རྒྱུན་ཆད་མེད་པར་བྱས་ཡོད།
སེ་འབྲུའི་ལས་དོན་ལམ་སྲོལ་ཇེ་ལེགས་སུ་བཏང་ཡོད། ཡུལ་ཤོག་དང་གྲོང་རྡལ323དུ་སེ་འབྲུ་ལས་དོན་ལྟེ་གནས་བཙུགས་པ་དང་། གྲོང་སྡེ་དང་སྤྱི་ཁུལ2288ལ་སེ་འབྲུ་ལས་དོན་ཁང་བཙུགས་ཡོད། སེ་འབྲུ་ལས་དོན་རུ་ཁག2284བཙུགས་ཤིང་། སེ་འབྲུ་གསོ་སྐྱོང་བ་བཟང་པོ7730བཀོད་སྦྱོར་བྱས་ནས། གཞི་རིམ་གྱི་རིམ་པ་བཞི་ཡི་དྲ་བ་དམ་དུ་བཟོས་ནས། འབྲེལ་གཏུག་སྟོབས་ཤུགས་ཡོད་པར་ཁག་ཐེག་དང་མང་ཚོགས་ལ་ཞབས་འདེགས་གནད་ལ་སྨིན་པ་བྱས་ཡོད།
དཀའ་ངལ་སེལ་བའི་ལམ་སྲོལ་མཐར་ཕྱིན་སྤེལ་ཡོད། རིམ་ཁག་ལས་བྱེད་པས་འབྲེལ་གཏུག་པ་དང་དྲིལ་སྒྲོག་པ། ཟུར་ཁྲིད་པ། དཀའ་ངལ་སེལ་མཁན། རོགས་སྐྱོར་བྱེད་མཁན་བཅས་ཀྱི་འགན་ནུས་ཡག་པོ་བསྒྲུབས་ཏེ། མི་རིགས་ཁག་གི་མང་ཚོགས་ལ་ཐོན་སྐྱེད་འཚོ་བ་དང་སྨན་བསྟེན་སློབ་ཞུགས། ལས་ཞུགས་ལས་གཏོད་སོགས་ཀྱི་ཐད་ལ་འཕྲད་པའི་དཀའ་ངལ་སེལ་རོགས་ཧུར་ཐག་བྱས་ཡོད། ད་སྔའི་བར། རིམ་རྩིས་བྱས་ན་དཀའ་ངལ་དང་རེ་ཞུ38827བསྡུས་པ་དང་། 37365ཐག་བཅད་དེ་མང་ཚོགས་ཁྱིམ་ཚང80605ལ་ཕན་ཐོགས་ཡོད།
བློ་འགུགས་འདུ་འགོད་ལག་ལེན་བསྟར་ཏེ། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྒྱུན་བཞད་ཐུབ་པར་བྱས་ཡོད།
རིག་གནས་སྤེལ་ས་འཛུགས་ཤུགས་ཆེ་རུ་བཏང་ནས་བརྒྱུད་འཛིན་རྨང་གཞི་བརྟན་པོར་བཟོས། ཁུལ་དང་རྫོང་གི་དཔེ་མཛོད་ཁང་དང་རིག་གནས་ཁང18དང་། ཡུལ་ཤོག་དང་གྲོང་རྡལ་རིག་གནས་ས་ཚུགས289དང་། གྲོང་སྡེའི་རིག་གནས་བྱེད་སྒོ་ཁང1360བཙུགས་ཡོད། ཆོས་ལུགས་བྱེད་སྒོ་སྤེལ་སའི་ཀྲུང་གོ་ཅན་གྱི་དཔེ་སྟོན་བཤམ་ཁང་ངམ་བར་ཁྱམས22བསྐྲུན་ཏེ། ཀྲུང་ཧྭ་རིག་གནས་ཁྱབ་སྒྲོག་ཐད་ལ་མིག་མཐོང་ལག་ཏུ་ཟིན་པ་དང་། ཞུགས་ནས་མཉམ་སྐུལ་ཐུབ་པའི་གཞི་སྟེགས་བསྐྲུན་ཡོད། གཙོ་ཕྱོགས་ལ་དམ་དུ་དམིགས་ཤིང་སེམས་པ་གཅིག་མཐུན་གྱིས་དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དབྱངས་རྟ་གཙོ་བོ་ལྷམ་མེར་སྒྲོག་ཅེས་པའི་ཆེད་དོན་གློག་བརྙན་བཟོས་པ་དང་། སེ་འབྲུ་མེ་ཏོག་བཞད་དེ་འབྲས་བུ་མཐུན་ཞེས་པའི་མི་རིགས་མཐུན་སྒྲིལ་གཏམ་རྒྱུད་ཕྱོགས་བསྒྲིགས་དེབ་རྩོམ་སྒྲིག་བྱས་ཏེ། ལྷ་སྨོན་དང་པ་སངས་སྒྲོལ་མ་སོགས་རྒྱལ་ཡོངས་དཔེ་སྟོན་མི་སྣའི་སྔོན་ཐོན་བྱས་རྗེས་བཀོད་དེ། མིག་དཔེའི་སྟོབས་ཤུགས་ཀྱིས་མཐུན་སྒྲིལ་ཡར་ཐོན་གྱི་དར་སྲོལ་གསར་པར་སྣེ་ཁྲིད་བྱས་ཡོད།
བྱེད་སྒོའི་གཞི་སྟེགས་གསར་དུ་བཏོད་དེ། རིག་གནས་མཉམ་འདྲེས་ཡོང་བར་བསྐུལ་ཡོད། སྐལ་བཟང་མེ་ཏོག་བཞད་བྱུང་ཞེས་པའི་རིག་གནས་སྒྱུ་རྩལ་གཞི་རིམ་དུ་སྤེལ་བའི་དམངས་ཕན་བྱེད་སྒོ་ཐེངས1886སྤེལ་ནས་མང་ཚོགས་ཁྲི57.8ལ་ཕན་ཐོགས་ཡོད། མི་རིགས་མཐུན་སྒྲིལ་གཟེངས་བུམ་གྱི་ལག་གྲུག་མཐུན་འབྲེལ་འགྲན་སྡུར་དང་། གླུ་དབྱངས་འདུ་ཚོགས། གཟུགས་མེད་རིག་གནས་ཤུལ་བཞག་གི་རིག་རྩལ་བཤམ་འཁྲབ་དང་མྱོང་རོལ། མི་རིགས་མཐུན་སྒྲིལ་གྱི་ཤེས་བྱའི་འགྲན་སྡུར་སོགས་རིག་གནས་སྤེལ་རེས་བྱེད་སྒོ་ཕུན་སུམ་ཚོགས་པ་སྒྲིག་འཛུགས་བྱས་ཤིང་། དཔྱིད་གསར་དུས་ཆེན་དང་ལྔ་ལྔ་དུས་ཆེན་སོགས་སྲོལ་རྒྱུན་དུས་ཆེན་ལ་དམིགས་ནས། ལོ་ཆེན་བཟོ་བ་དང་ཟླ་མཆོད་ཟླ་གོར་བཟའ་བ་སོགས་ཀྱི་བྱེད་སྒོ་སྤེལ་ཏེ་ཀྲུང་ཧྭ་རིག་གནས་ཀྱི་གཞི་རྒྱུ་དཀར་མཛེས་ཁུལ་དུ་རྩ་བ་ཚུགས་པར་བྱས་ཡོད།
རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་འདེགས་སྐྱོར་ལ་བརྟེན་ནས་སྤེལ་རེས་ཐབས་ལམ་རྒྱ་སྐྱེད་བཏང་། ཡུལ་སྐོར་གྱིས་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་གསུམ་ལ་སྐུལ་བའི་བྱ་སྤྱོད་དྲུག་ལག་ལེན་བསྟར་བ་དང་། དར་མདོ་མཛས་གཞས་རྒྱལ་སྤྱིའི་རོལ་དབྱངས་དུས་སྟོན་དང་རི་ཀླུང་རིག་གནས་ཡུལ་སྐོར་དུས་སྟོན། མི་རིགས་མཐུན་སྒྲིལ་གངས་དཀར་དུས་དར་མཚན་མོ་སོགས་ཀྱི་བྱེད་སྒོ་སྤེལ་ཡོད། 2025ལོར་ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་ཁྲི4767.68ལ་སྣེ་ལེན་ཞུས་ཤིང་། ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར524.68རག་ཡོད་ལ། 2024ལོའི་དུས་མཉམ་ལས་བརྒྱ་ཆ8.72དང8.97འཕར་ཡོད་པ་རེད། ཡུལ་སྐོར་བ་ཚོར་དཀར་མཛེས་ཁུལ་གྱི་མཛེས་ལྗོངས་ལྟ་བ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་ཁྲོད་དུ་མི་རིགས་མཐུན་སྒྲིལ་གྱི་སྣང་ཉམས་བཟང་པོ་ཐོབ་ཏུ་བཅུག་ནས། མི་རིགས་ཁག་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་ཡོང་བར་བསྐུལ་ཡོད།
མི་སྣ་གསུམ་གྱི་ནུས་པ་བཏོན་ནས་མི་རིགས་མཐུན་སྒྲིལ་གྲུབ་འབྲས་ཀྱིས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པར་བྱས་ཡོད།
ཕྱུག་འབྱོར་ཡོང་འབབ་འཕར་བའི་ཁྲིད་སྟོན་པ་ཡག་པོ་བྱས་ཡོད། མཐུན་འབྲེལ་རོགས་སྐྱོར་ནུས་པ་འདོན་སྤེལ་བྱས་ཤིང་། མཐུན་འབྲེལ་ལས་བྱེད་པས་དཔྱིད་རྨོད་དཔྱིད་གྲབས་ཀྱི་དུས་ཚོད་དམ་འཛིན་བྱས་ཏེ། མཐུན་འབྲེལ་ཁྱིམ་ཚང་ལ་ཞིང་ལས་མཁོ་རྫས་བཀོད་སྦྱོར་དང་ཞིང་འཕྲུལ་ཞིག་གསོ། མྱུ་གུ་བདག་གཉེར་སྲུང་སྐྱོང་སོགས་ལས་ཀ་ལས་རོགས་ཧུར་ཐག་བྱས་པ་དང་། མཐུན་འབྲེལ་ཁྱིམ་ཚང་གི་ཁོངས་མིས་ཐོན་ཁུངས་ཀྱི་ལེགས་ཆ་སྤྱོད་པ་དང་། ཡུལ་སྐོར་ལས་རིགས་དང་ལག་ཤེས་སོགས་རྩལ་ནུས་གསོ་སྦྱོང་དུ་ཞུགས་པ། འདེབས་གསོ་ལས་རིགས་འཕེལ་རྒྱས་གཏོང་བ། ཁྱད་ཆོས་ཡུལ་སྐོར་ཐོན་ལས་གོང་འཕེལ་གཏོང་བ། ཞིང་ཞོར་ཐོན་རྫས་སྤུས་དག་འོས་སྦྱོར་བྱེད་པ་བཅས་ལ་སྣེ་ཁྲིད་བྱས་ཡོད། 2024ལོའི་བར་ལ། ཁུལ་ཡོངས་ཀྱིས་ཞིང་དུད12120ལ་རྒྱབ་སྐྱོར་བྱས་ནས་འདེབས་གསོ་ཆུང་ངུ་དང་བཟོ་སྣོན་ཆུང་ངུ། བཟོ་ཁང་ཆུང་ངུ་སོགས་ཐོན་ལས་ཆུང་ཕྲན་འཕེལ་རྒྱས་བཏང་ཡོད།
ཐུན་མོང་དཔལ་འབྱོར་གྱི་རོགས་སྐྱོར་བ་ཡག་པོ་བྱས་ཡོད། ཏང་སྐྱོང་གིས་སྣེ་ཁྲིད་པའི་མཉམ་སྐུལ་ནུས་པ་བཏོན་ཏེ། ཁུལ་ཡོངས་ཀྱི་རིམ་ཁག་དང་སྡེ་ཁག་གིས་སྔ་རྗེས་སུ་སྒོར་ཁྲི1500ལྷག་བཏང་ནས་སེ་འབྲུ་ལས་དོན་ཁང་འཛུགས་པར་སྤྱད་དེ་ཐུན་མོང་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ལས་ཀའི་ཕྱོད་ནུས་ཆེ་རུ་བཏང་ཡོད། ལས་ཚན་ཇུས་འགོད་ལག་ལེན་དང་ཐོན་ཁུངས་འཇོག་ཤུགས་ཆེ་རུ་བཏང་ཞིང་། ཉོ་བ་ཡིས་ཞལ་འདེབས་དང་རོགས་རམ་གྱི་ཚབ་བྱས་པ་སོགས་ཀྱི་བྱེད་སྟངས་བརྒྱུད་དེ་ཞིང་ཞོར་ཐོན་རྫས་འཚོང་རོགས་བྱས་ཡོད། རིམ་རྩིས་བྱས་ནས་ཞིང་ལས་ཁྱད་ཆོས་ཐོན་རྫས་འཚོང་རོགས་སྒོར་དུང་ཕྱུར9.1315ལ་ཟིན་ཡོད། སྤྱི་ཕན་ཞལ་འདེབས་དང་དཔྱིད་རླུང་བྱ་སྤྱོད་ཅེས་པའི་ལས་ཞུགས་རོགས་སྐྱོར་བྱེད་སྒོ་སོགས་སྤེལ་བ་དང་། སྒོར་ཁྲི402བཏང་ནས་ཧྥུལ་དམའ་ཇ་དག་མ་སྤྱི་རྒྱ70402སྤྲད་ཅིང་མི33460ལ་ཕན་ཐོགས་པར་བྱས་ཏེ། མཐུན་འབྲེལ་ཁྱིམ་ཚང་ལ་དོན་དངོས་སྒྲུབ་པ་དང་དོན་བཟང་བསྒྲུབས་ཡོད།
དབུལ་པོ་བསྐྱར་དུ་མི་ལོག་པའི་སྲུང་སྐྱོང་པ་ཡག་པོར་བྱས་ཡོད། མཐུན་འབྲེལ་ལས་བྱེད་པས་སེ་འབྲུ་ལས་དོན་ཁང་ལ་རོགས་རམ་བྱས་ནས། དབུལ་པོ་བསྐྱར་ལོག་གི་འགྱུར་ཚུལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལས་ཀ་སྤེལ་བ་དང་། མཐུན་འབྲེལ་གཙོ་གནད་མི་ཚོགས་ཀྱི་གནས་ཚུལ་མཐིལ་རྟོགས་བྱས་ཤིང་། ཉེན་ཁའི་ཁུངས་སྣེ14199བསྡུས་པ་དང་། ལྟ་ཞིབ་ཚད་ལེན་བྱ་ཡུལ་དུད་ཚང820དང་མི3720གསར་དུ་བསྣན་ཡོད།
འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བྱེད་ཤུགས་ཆེ་རུ་བཏང་ནས། མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་མི་སེམས་སུ་འཇགས་པར་བྱས་ཡོད།
མཉམ་འདྲེས་ཅན་གྱི་ཁོར་ཡུག་སྐྲུན་ཤུགས་ཆེ་རུ་བཏང་ཡོད། མཉམ་འདྲེས་ཅན་གྱི་སྤྱི་ཚོགས་གྲུབ་ཚུལ་སྐྲུན་པ་དང་སྤྱི་ཁུལ་ཁོར་ཡུག་གི་གཙོ་དོན་ལ་དམ་པོར་དམིགས་ནས། སྲིད་ཇུས་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ཞིང་། སྤྱི་པའི་ཞབས་ཞུ་སྒྲིག་ཆས་འཐུས་ཚང་དུ་གཏོང་བ། མཉམ་འདྲེས་ཟབ་མོ་ཡོང་བའི་ཁོར་ཡུག་བསྐྲུན་པ་དང་། སྤྱི་ཁུལ་ཤུགས་རྒྱག་སར་བྱས་ཤིང་། ཡུལ་མི་དང་གཞིས་མིའི་ཚོགས་འདུ་དང་འཐུས་མིའི་ཚོགས་འདུ་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཀུན་སྤྱོད་དཔྱད་མོལ་ལྷན་ཚོགས་དང་གཉེན་སྟོན་འདས་མཆོད་ལས་འཛིན་ལྷན་ཚོགས། དུག་གཅོད་རྒྱན་འགོག་མཐུན་ཚོགས་སོགས་མང་ཚོགས་རྩ་འཛུགས་བཙུགས་ནས་ཚད་ལྡན་བཟོ་བ། དམངས་འཚོའི་ཞབས་ཞུ་དང་འགལ་བ་བར་འདུམ། ཉེན་ཁ་མི་མངོན་པ་ཚགས་བཤེར་སོགས་ལས་དོན་ཞབས་ཞུ་ཀུན་ལ་ཁེབས་པ་དང་འདྲེས་པར་བྱས་ཏེ། སྤྱི་ཁུལ་གྱི་འགྲོ་སྐྱོད་མི་འབོར་དོ་དམ་ཡག་པོ་ཐུབ་པ་དང་། སྤྱི་ཁུལ་གཞིས་མིའི་སློབ་གསོ་སྨན་བཅོས་དང་སྤྱི་ཚོགས་འགན་སྲུང་། བཅའ་ཁྲིམས་ཞབས་ཞུ་སོགས་ཀྱི་གནད་དོན་ཐག་གཅོད་རོགས་བྱས་ནས། མཉམ་སྡོད་མཉམ་སྦྱོང་དང་མཉམ་འཛུགས་མཉམ་སྤྱོད། མཉམ་གནས་མཉམ་སྤྲོའི་སྤྱི་ཚོགས་སྣང་ཉམས་བསྐྲུན་ཡོད།
འཆར་གཞི་གསུམ་མཐར་ཕྱིན་བསྐུལ་ཡོད། ལས་བྱེད་པ་དང་ལས་བཟོ། ལོ་ཆུང་སློབ་མ། ཞིང་འབྲོག་པའི་འཐུས་མི་བཅས་མི་ཁྲི3ལྷག་བསྡུས་ནས་ཞིང་ཆེན་ཕྱི་ནང་དུ་སློབ་སྦྱོང་དང་སྤེལ་རེས་བྱས་ཡོད། དཀར་མཛེས་ཁུལ་དང་ཀྲེ་ཅང་བརྩེ་བ་ཟབ་ཅེས་པ་དང་། ཀྲེ་ཅང་དང་དཀར་མཛེས་ཁུལ་གྱི་ལོ་ཆུང་འཕྲིན་ཡིག་སྤེལ་རེས་ཞེས་པ། སེ་འབྲུའི་གསར་བརྗེའི་རིག་གནས་ཞིབ་སློབ་ཅེས་པ་སོགས་ཀྱི་སྤེལ་རེས་བྱེད་སྒོ་སྤེལ། དེ་དང་མཉམ་དུ་ཡུལ་སྐོར་ཞབས་ཞུ་སྤུས་ཚད་མཐོར་འདེགས་ལ་བསྐུལ་བ་དང་། བྱ་སྤྱོད་དྲུག་འཛིན་གཞིར་བྱས་ནས། རིག་གནས་ཡུལ་སྐོར་གྱི་རྐང་འཛིན་པའི་གསོ་སྦྱོང་བྱས་ཤིང་། ཁྱད་ཆོས་ཐོན་ཁུངས་གསར་སྤེལ་ལ་སྐུལ་བ། བློ་བདེ་སེམས་སྐྱིད་ཀྱི་འཛད་སྤྱོད་གྲོང་སྡེ་དང་ལྗོངས་ཁུལ། ཁྲོམ་གཞུང་ཁུལ། ཚོང་དུད་བཅས་བཙུགས་པ། ཀྲེ་ཅང་སོགས་ཁ་གཏད་རོགས་སྐྱོར་ས་ཁུལ་གྱི་ཡུལ་སྐོར་བ་ལAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་ལ་སྒོ་འཛིན་མི་དགོས་པའི་སྲིད་ཇུས་ལག་ལེན་བསྟར་བ་དང་། མི་རིགས་ཁག་གི་མང་ཚོགས་མཉམ་འདྲེས་མཉམ་ཞུགས་ཡོང་བའི་གཞི་སྟེགས་གོ་ཆོད་པོ་བསྐྲུན་ནས་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་རྒྱུན་ཆད་མེད་པར་ཡོང་བར་བྱས་ཡོད།
མཉམ་འཛུགས་མཉམ་སྐྲུན་མུ་མཐུད་དེ་མཐར་ཕྱིན་བྱས་ཡོད། ཞིན་ཅང་དང་མཚོ་སྔོན། བོད་ལྗོངས། དེ་བཞིན་ཞིང་ཆེན་ནང་ཁུལ་གྱི་ཁྱིམ་མཚེས་ས་ཁུལ་བར་ས་ཁོངས་བརྒལ་བའི་མཉམ་སྐུལ་མཉམ་འཛུགས་གྲོས་མོལ་བཞག་པ་དང་། སི་ཁྲོན་དང་ཡུན་ནན། བོད་ལྗོངས་བཅས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བའི་དཔེ་སྟོན་ཁུལ་དང་། དཀར་མཛེས་ཁུལ་དང་ཕེན་ཙེ་ཧྭ། གཡག་རྔ། རྔ་བ། ལེའང་ཧྲན་བཅས་ཀྱི་གཞི་རིམ་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཁྲོན་ནུབ་སྡེ་ཁུལ་མཉམ་འབྲེལ་ཚོགས་པ་བཙུགས་པ་དང་། གཡག་རྔ་སོགས་ས་ཆ་དང་མཉམ་འབྲེལ་བྱས་ནས་རྒྱལ་ལམ318པའི་མི་རིགས་མཐུན་སྒྲིལ་དར་ལམ་བཟོས་པ་དང་། མཉམ་དུ་ལུས་རྩལ་བྱེད། ཁྱིམ་ཚང་གཅིག་ལྟར་བརྩེ་ཞེས་པ་དང་། གངས་དཀར་གཟེངས་བུམ་ཁུལ་རིམ་པའི་གཞོན་ནུའི་རྐང་གྲུག་འགྲན་སྡུར། དཀར་མཛེས་ཁུལ་སློབ་གྲྭ་ཆུང་འབྲིང་སློབ་མའི་ལུས་རྩལ་འགྲན་ཚོགས་དང་སྒྱུ་རྩལ་དུས་ཆེན་སྐབས་དྲུག་པ། དར་མདོའི་མ་ར་སོན་རྒྱུག་འགྲན་ཕྱེད་མ་དང་སི་ཁྲོན་ཀུན་ཏུ་རྒྱུག་ཅེས་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས། རིམ་པ་མང་བ་དང་རིམ་པ་མང་བའི་བྱེད་སྒོ་བརྟེན་ནས་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་ཀྱི་ལས་སྟེགས་གསར་པ་བཙུགས་ནས། ས་ཁོངས་ནང་གི་མཐའ་འཁོར་མི་རིགས་ཁག་གི་མང་ཚོགས་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བྱེད་ཤུགས་ཆེ་རུ་བཏང་ཡོད།
བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོར་བཟོས་ཏེ། མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་སྲ་བརྟན་འགྱུར་མེད་ཡོང་བར་བྱས།
འདུ་ཤེས་གསུམ་གྱི་སློབ་གསོ་སྤེལ་ཡོད། འདུ་ཤེས་གསུམ་གྱི་སློབ་གསོ་དེ་ལག་ལེན་བྱ་སྤྱོད་ཀྱི་ནང་དོན་གལ་ཆེན་དུ་བཞག་ནས། ཁྲིམས་འཛིན་དང་འཐབ་ཕྱོགས་གཅིག་གྱུར། སྤྱི་བདེ། མི་རིགས་ཆོས་ལུགས་བཅས་སྡེ་ཚན་ལས་གྲུབ་པའི་སྒྲོག་འགྲེལ་རུ་ཁག26བཙུགས་ནས། སྒྲོག་འགྲེལ་ཐེངས421བྱས་ཤིང་། གྲྭ་བཙུན་དང་མང་ཚོགས19645ལ་ཁེབས་པ་དང་། བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་ཡིག་ཆ14090ལྷག་བཀྲམ་ཡོད།
བཅའ་ཁྲིམས་ཞབས་ཞུ་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ཡོད། ཁྲིམས་ཁང་ཁོངས་གཏོགས་ཀྱིས་གྲོང་རྡལ་གཅིག་ལ་འབྲེལ་གཏུག་པ་གཅིག་གི་འབྲེལ་གཏུག་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་པ་དང་། ཁྲིམས་དང་ས་ཚུགས། གནས། མི་བཅས་ཀྱི་ཁྲིམས་འཛིན་ཞབས་ཞུ་དྲ་བ་ཆགས་ཤིང་། མི་སྣ་མང་བའི་ས་ཁོངས་དང་ཡུལ་སྐོར་ལྗོངས་ཁུལ་གཙོ་བོར་ཆུ་ཚོད་ཉེར་བཞིའི་རང་བྱེད་ཁྲིམས་ཁང་བཙུགས་པ་དང་། ཞུ་གཏུག་ཞབས་ཞུ་ལས་རིམ་སྟབས་བདེ་ཚད་ལྡན་བཏང་སྟེ། གཅིག་འཐུས་ཅན་གྱི་འཛུགས་སྐྲུན་གྲུབ་འབྲས་ཀྱིས་མི་རིགས་ཁག་གི་མང་ཚོགས་ཕན་ངོ་མ་ཐོབ་པར་བྱས་ཡོད། སྤྱི་བདེ་ཁོངས་གཏོགས་ཀྱིས་ཕ་ཡུལ་དང་ལས་གནས་སུ་ལོག་པའི་ཞིང་པ་ལས་མིའི་ཐོགས་མེད་བགྲོད་ལམ་ཁྱོན་ཡོངས་ནས་ཕྱེ་འགོ་བཙུགས་པ་དང་། ཐོབ་ཐང་ལག་ཁྱེར་བརྗེ་ལེན་ཞིང་ཆེན་བརྒལ་ནས་བྱེད་ཆོག་པའི་བྱེད་ནུས་ཡོད་པར་བྱས་པར་མ་ཟད། རྒྱ་བོད་སྐད་གཉིས་རིགས་གཞུང་གི་ཁ་ལོ་བའི་མ་ལག་གསར་དུ་དྲངས་ནས། ཞབས་ཞུ་གཞི་རིམ་མང་ཚོགས་ལ་བསླེབ་དཀའ་བའི་གནད་དོན་ཐག་བཅད་ཡོད།
ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག་བྱེད་སྟངས་གསར་པར་ཤུགས་བརྒྱབ་ཡོད། དྲ་བའི་ཁྲིམས་ལུགས་ཁྱབ་གདལ་ལ་འཚོབ་ཞིབ་ཧུར་ཐག་བྱས་ཤིང་། མི་རིགས་མཐུན་སྒྲིལ་དང་གཉེན་སྒྲིག་ཁྱིམ་ཚང་གཙོ་དོན་དུ་བྱས་པའི《མི་རིགས་ཀྱི་བརྩེ་བ་ལས་བརྒལ་བ》དང《ཁ་རོག་གེར་མི་སྡོད》ཁྲིམས་ལུགས་ཁྱབ་གདལ་ལྗོངས་རྣམ་གར་ཆུང་གསར་དུ་བཟོས་པ་དང་། ཁྲིམས་ལུགས་ཁྱབ་གདལ་དང་མི་དམངས་འདུམ་སེལ་ཟུང་དུ་སྦྲེལ་བ་རྒྱུན་འཁྱོངས་ཤིང་། བརྟན་བརླིང་སྲུང་སྐྱོང་དང་བདེ་སྲུང་གལ་ཆེན། འཚུབ་བསྟུན་ཉེན་སེལ། དབྱར་རྩྭ་དགུན་འབུ་རྐོ་དུས་སོགས་དུས་མཚམས་དང་དུས་སྐབས་གལ་ཆེན་དུ་བཅར་འདྲི་ཆེན་པོ་དང་ཚགས་བཤེར་ཆེན་པོ། བར་འདུམ་ཆེན་པོ་བཅས་ཀྱི་བྱེད་སྒོ་སྤེལ་བ་དང་། མང་ཚོགས་འཐུས་མི་གདན་དྲངས་ནས་ཆེད་བསྐོས་བར་འདུམ་པ་དང་ཆེད་བསྐོས་ལྟ་ཞིབ་པ་བྱས་ཤིང་། དུས་ཐོག་མི་རིགས་ཁག་གི་མང་ཚོགས་ལ་འཕྲད་པའི་དཀའ་ངལ་གནད་དོན་དུས་ཐོག་བསྡུས་པ་དང་། བཅའ་ཁྲིམས་གསལ་པོར་ཤེས་མཁན་དང་དམངས་སྲོལ་རིག་གནས་ཆེད་རམས་པ་སོགས་ལས་རིགས་ཁག་གི་མི་སྣ300ལྷག་གིས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་སྒྲོག་དང་། འགལ་ཟླ་རྩོད་གཞི་བར་འདུམ་ཐག་གཅོད་སོགས་ཀྱི་ལས་དོན་བསྒྲུབས་ཏེ། འགལ་ཟླ་རྩོད་གཞི8712བསལ་བ་དང་བར་འདུམ་བྱེད་ཚད་བརྒྱ་ཆ99.8ལ་ཟིན་པ་རེད།།
( སྐལ་ཐུབ་ཀྱིས་བསྒྱུར།)
