དགེ་རྒན་ལགས།
ཁྱེད་ཀྱི་དཀའ་ཁག་གི་རྔུལ་ཆུའི་ཐིགས་པ་རེ་རེ་ནི་ཤེས་རབ་
ཀྱི་ཉིང་བཅུད་དེ་ཡིན་ལ།
ཁྱེད་ཀྱི་ལྷག་བསམ་གྱི་སྙིང་སྟོབས་རེ་རེ་ནི་ལོ་རྒྱུས་ཀྱི་
རྡོ་རིང་དེ་ཡང་ཡིན།
དགེ་རྒན་ལགས།
ཁྱེད་ནི་རྨོངས་མུན་གྱི་ཀློང་ན་ཤེས་རིག་གི་
འོད་སྣང་སྩོལ་མཁན་དེ་ཡིན་ལ།
ཡངས་པའི་ས་ཆེན་དུ་མཛད་བཟང་གི་
མེ་ཏོག་གཏོར་མཁན་དེ་ཡང་ཡིན།
དགེ་རྒན་ལགས།
ཁྱེད་ནི་སློབ་བུ་ཁྲི་སྟོང་དག་ལ་ལམ་སྟོན་གྱི་
སྒྲོན་མེ་སྦོར་མཁན་དེ་ཡིན་ལ།
གནས་ལུགས་ཀྱི་ལམ་བཟང་ལ་མ་འོངས་ཀྱི་
མདུན་ལམ་སྩོལ་མཁན་དེ་ཡང་ཡིན།
དགེ་རྒན་ལགས།
ཁྱེད་ནི་བྱམས་བརྩེ་ཡི་བདག་ཉིད་ཡིན་ལ།
རིག་གནས་ཀྱི་འབྱུང་ཁུངས་དེ་ཡང་ཡིན།
དགེ་རྒན་ལགས།
ཁྱེད་ཉིད་ལྷག་བསམ་གྱི་འོད་སྟོང་གནམ་འོག་ལ་
འཕྲོས་མྱོང་ལ།
མཛད་བཟང་གི་རྡོ་རིང་ས་ཆེན་ལ་
ཡང་བཙུགས་མྱོང།
དགེ་རྒན་ལགས།
ཁྱེད་ཀྱི་སྐུ་དྲིན་ནི་གངས་དཀར་ཏེ་
སེ་ལས་དཔངས་མཐོ་ཞིང་།
ཁྱེད་ཀྱི་བཀའ་དྲིན་ནི་མ་ཕམ་གཡུ་མཚོ་
ལས་གཏིང་ཟབ་པས།
ང་ཚོས་དེ་རིང་ཁྱེད་ཀྱི་དུས་ཆེན་དང་འབྲེལ་ནས་
བཀའ་དྲིན་བླ་མེད་ཅིག་ཞུ།
དགེ་རྒན་ལགས།
ཁྱེད་ནི་བླ་ན་མེད་པར་གཟི་བརྗིད་ལྡན་པའི་
ལས་རིགས་ཤིག་ཡིན་ལ།
གཞན་དོན་ཕྲག་ཏུ་འཁུར་མཁན་བྱམས་བརྩེ་དང་སྙིང་
སྟོབས་ལྡན་པའི་སེམས་དཔའ་ཞིག་ཀྱང་ཡིན།
དགེ་རྒན་ལགས།
ང་ཚོས་དུས་ཆེན་གྱི་ཉིན་འདིར་ཁྱེད་རྣམས་
སྐུ་ལས་ཁག་སོང་ཞེས་ཞུ་འདོད་ལ།
བཀའ་དྲིན་ཆེ་འོ་ཞེས་ཞུ་ཡང་འདོད་སོང་།
དགེ་རྒན་ལགས།
དེ་རིང་ནི་ང་ཚོས་ཁྱེད་རྣམས་སྨོན་ཚིག་ཁྲི་སྟོང་
མང་པོའི་ཁ་གཡང་སྒྲོག་བཞིན་ཡོད་ལ།
བཀའ་དྲིན་ཁྲི་སྟོང་མང་པོས་ཐུགས་རྗེ་
ལན་འབུལ་ཡང་ཞུ་བཞིན་ཡོད།
དགེ་རྒན་ལགས་བཀའ་དྲིན་ཆེ།
ཁྱེད་ཉིད་སློབ་བུ་ཁྲི་སྟོང་མང་པོའི་ལམ་སྟོན་གྱི་
སྒྲོན་མེ་འོད་ཆེན་དེ་ཡིན་པས།
ཇི་སྲིད་བར་འཇིག་རྟེན་འདིར་བཞུགས་ཤིང་འཚོ་དགོས།
ཁྱེད་རྣམས་དུས་ཆེན་ལ་སྤྲོ་པོ་དང་།
སྐུ་གཟུགས་གསལ་ཐང་། བྱ་བ་ལམ་འགྲོ། ནད་མེད་ཚེ་རིང་།
མཛད་འཕྲིན་ཐམས་ཅད་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་
འཕེལ་བའི་བཀྲ་ཤིས་སྨོན་འདུན་གྲངས་མེད་ཅིག་ཞུའོ།།
༼ རྐང་ལམ་དཀར་པོ། ༽
